པར་ནང་གི་སྐམ་ལ་རིད་པའི་བོད་རིགས་བུ་མོ་
དེའི་མིང་ལ་ཉི་མ་ལྷ་མོ་ཟེར།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྗོང་གི་རེད།
ཁོང་མོའི་བཞིན་ལས་བློ་ཁོག་ཆུང་བའི་སྣང་བ་ཞིག་འཆར་མོད།
འདྲེན་བྱེད་ཀྱི་ལམ་ལས་མི་ཚེའི་གཏམ་རྒྱུད་འཚེར།
སྤྱི་ལོ་2009ལོར། ཁོང་མོ་ལོ་ལྔ་ལས་ཟིན་གྱི་མེད།
ལས་དབང་གིས་ཕྱོགས་ཞེན་དབང་གིས།
ཕ་མ་གཉིས་ཚེ་ལས་འདས།
ཁོང་མོ་ད་ཕྲུག་ཏུ་གྱུར།
ཡིན་ནའང་།
ཁོང་མོའི་མདུན་ལམ་ལ་སྐད་ཅིག་ཉིད་དུ་འགྱུར་ལྡོག་བྱུང་།
སྤྱི་ལོ་2009ལོའི་ཟླ་10ཚེས་3ཉིན།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྗོང་།
རེ་བའི་སློབ་ཆུང་ཞལ་འདེབས་འཛུགས་སྐྲུན་ནང་ཞུགས་པའི།
ཝུའུ་ཧན་གྲོང་ཁྱེར་གཞོན་ནུ་ཁེ་ལས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
ཝུའུ་ཧན་ཧུང་ཧྭ་གྱོན་གོས་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན།
ཧྥན་ཧུང་ཧྭ་ནས་རང་ཉིད་ཀྱིས་རོགས་དངུལ་ལོ་གཉིས་སྤྲད་ཀྱང་།
གདོང་ཐུག་མ་བྱུང་བའི་ཉི་མ་ལྷ་མོ་མཐོང་།
ཉི་མ་ལྷ་མོའི་གཉོད་ཆུང་གི་རྣམ་པ་མཐོང་ཞིང་།
ཕ་མ་གཉིས་ཚེ་ལས་འདས་པ་ཡིད་ལ་འཁོར་དུས།
ཧྥན་ཧུང་ཧྭ་ཡི་དམར་ཆུང་སེམས་པ་གས།
བུ་མོ་ང་རང་གི་ཟུར་དུ་ཉར་ནས།
ཨ་མའི་བྱམས་སྐྱོང་ངོ་མ་དེ་ཁོང་མོར་སྤྲོད་རྒྱུ་ཡིན་ཞེས་བརྗོད།
བོད་ལྗོངས་ནས་ཝུའུ་ཧན་དུ་ལོག་པའི་ལམ་བར་དུ།
ཉི་མ་ལྷ་མོ་རླངས་འཁོར་ནང་མགོ་ཡུ་འཁོར་ནས།
སྐྱུག་པ་ཡང་སེ་ཤོར།
ཧྥན་ཧུང་ཧྭ་ཡིས་གཟབ་ནན་སྒམ་བརླིང་ངང་།
གཙང་ཕྱིས་བརྒྱབ་ཅིང་ཆུ་དྲོད་སྤྲད།
སྐྱུག་པ་རང་གི་ལུས་ཐོག་སྐྱུག་རུང་།
གཙང་གཙོག་གི་སྣང་བ་བཏང་མེད།
ཁོང་མོས་ལེ་དབར་སྟོང་ཕྲག་བཞག་ནས་ང་དང་མཉམ་དུ་ཝུའུ་ཧན་དུ་ཡོང་བ་རེད། ཡིད་ཆེས་དེ་ཆུས་ཟོས་སུ་གཏོང་མི་ཉན་ཞེས་ཧྥན་ཧུང་ཧྭ་ཡིས་བརྗོད། ཉི་མ་ལྷ་མོ་ཝུའུ་ཧན་དུ་འབྱོར་རྗེས། ཧྥན་ཧུང་ཧྭ་ཡིས་གཟའ་འཁོར་རེར་ཉི་མ་ལྷ་མོ་ཧན་ཁོའུ་རུ་ཡོད་པའི་བོད་ཟས་ཟ་ཁང་ཞིག་ཏུ་ཕ་ཡུལ་གྱི་བྲོ་བ་མྱོང་དུ་འཁྲིད་ཀྱི་ཡོད། སློབ་གྲྭར་བསྐྱོད་པའི་ཐད། ཁོང་གིས་བུ་མོ་ཐའེ་པེ་ལམ་སློབ་ཆུང་དུ་བཀོད་སྒྲིག་བྱས་པ་དང་། ད་དུང་ཆེད་མངགས་དགེ་རྒན་གདན་འདྲེན་ཞུས་ནས་རྒྱ་ཡིག་བསླབ་ཏུ་བཅུག རང་ཉིད་ནས་བུ་མོར་ལྟ་རྟོག་ཡག་པོ་མ་ཡོང་བར་དོགས་ནས། བུ་མོར་དམིགས་སུ་ཁྱིམ་ཞབས་མ་ཞིག་གདན་འདྲེན་ཞུས།
སྤྱི་ལོ་2009ལོའི་ཟླ་10ཚེས་31ཉིན། ཧྥན་ཧུང་ཧྭ་ཡིས་ཉི་མ་ལྷ་མོ་ཁྲིད་ནས་ལེའང་ཙེ་གླིང་ཕྲན་དུ་སྤྲོ་འཆམ་ལ་ཕྱིན་པ།
ཝུའུ་ཧན་དུ་སླེབས་མ་ཐག ཉི་མ་ལྷ་མོས་མི་གཞན་ལ་ཁ་ཡ་མ་བྱས་པར། ཨ་མས་ངང་རྒྱུད་རིང་པོའི་སྒོ་ནས་བུ་མོའི་བློ་སྒོ་འབྱེད།
སྤྱི་ལོ་2010ལོའི་ཟླ་1ཚེས་9ཉིན། མ་སྨད་གཉིས་དཔྱིད་གསར་དུས་ཆེན་བསུ་བའི་འཁྲབ་སྟོན་ནང་ཞུགས་པ།
སྤྱི་ལོ་2010ལོའི་ཟླ་6ཚེས་19ཉིན། ཉི་མ་ལྷ་མོ་ཀྲུང་གོའི་ལུས་རྩལ་ཞབས་བྲོའི་ཝུའུ་ཧན་ཡོངས་བསྒྲགས་འགྲན་བསྡུར་ནང་ཞུགས་པ།
ཞབས་བྲོ་སྦྱོང་བའི་སྐབས་སུ་རྐང་པ་སྐྲངས་པས། ཧྥན་ཧུང་ཧྭ་ཡིས་ལས་བྲེལ་ག་ཚོད་ཆེ་ན་ཡང་དུས་ཚོད་བཙལ་ནས་ཞིབ་ཚགས་ངང་བུ་མོའི་རྐང་པར་འཕུར་མཉེད་བྱས།
སྤྱི་ལོ་2010ལོའི་ཟླ་7པའི་ཚེས་20ཉིན། ཉི་མ་ལྷ་མོས་ཁྱིམ་དུ་ཞབས་བྲོ་སྦྱོང་བཞིན་པ།
སྤྱི་ལོ་2011ལོའི་ཟླ་9ཚེས་1ཉིན། ཧྥན་ཧུང་ཧྭ་ཡིས་ཉི་མ་ལྷ་མོ་ཁྲིད་ནས་འཛོམས་སྟོན་ལ་རོལ་བ།
སྤྱི་ལོ་2013ལོའི་ཟླ་5ཚེས་1ཉིན། ཧྥན་ཧུང་ཧྭ་ཡིས་བུ་མོ་ཁྲིད་ནས་ཧྥེང་ཧོང་གནའ་གྲོང་དུ་རྩེད་མོ་རྩེད་བར་ཕྱིན་པ།
བུ་མོ་ཆུང་ཆུང་ཞིག་ཐག་རིང་བོད་ལྗོངས་ནས་ཧུའུ་པེ་ཝུའུ་ཧན་དུ་འོང་སྟེ། རིག་གནས་དང་ཡུལ་གོམས་གཤིས་ལུགས་སམ། ཡང་ན་བགྲོ་གླེང་དང་འཚོ་བའི་གོམས་སྲོལ་གང་ཞིག་ཡིན་ཡང་ཁྱད་པར་ངེས་ཅན་ཞིག་ཡོད། གཞན་ལ་ཁ་ཡ་མ་བྱས་པ་དང་། ཚོར་སྣང་སྐྱེན་པའི་ཉི་མ་ལྷ་མོའི་མདུན་དུ། ཧྥན་ཧུང་ཧྭ་ཡིས་ལྷག་བསམ་ལ་འགྱུར་ལྡོག་ཐེབས་མྱོང་མེད་ལ། ཁོང་མོའི་སེམས་ནང་། ཨ་མའི་བྱམས་སྐྱོང་ནི་དྲིལ་ལན་མཇལ་དགོས་མེད་པའི་རྒྱུན་འཁྱོངས་དེ་རེད།
ལོ་རེར་མ་མཐར་ཡང་ཕ་ཡུལ་ཐེངས་གཅིག་ལོག་གི་ཡོད། དེ་ནི་ཧྥན་ཧུང་ཧྭ་དང་ཉི་མ་ལྷ་མོའི་བར་གྱི་ཁ་ཆད་ཡིན། བོད་ལྗོངས་སུ་བསྐྱོད་རྗེས། ཉི་མ་ལྷ་མོས་གྲོགས་པོ་ཆུང་ཆུང་ཚོར་ཝུའུ་ཧན་གྱི་འཕྲེད་གཞུང་བཅད་པའི་མཚེའུ་དང་། མྱུར་བགྲོད་མེ་འཁོར། ས་འོག་ལྕགས་ལམ་སོགས་ངོ་སྤྲོད་བྱེད་བཞིན་ཡོད། ཝུའུ་ཧན་དུ་ཕྱིར་ལོག་རྗེས། ཡང་སློབ་གྲོགས་ཚོར་བོད་ལྗོངས་ཀྱི་མཐའ་ཡས་རྩྭ་ཐང་དང་གྲམ་ཐང་། དར་ལྕོག་ལྔ་ལྡན་སོགས་ངོ་སྤྲོད་བྱེད་ཀྱི་ཡོད།
སྤྱི་ལོ་2019ལོའི་ཟླ་6ཚེས་6ཉིན། ཝུའུ་ཧན་ཨ་མ་ལགས་དང་བོད་ལྗོངས་ཨ་ནེའི་ཁྱིམ་མི་མཉམ་ཞུགས་འདྲ་པར།
སྤྱི་ལོ་2019ལོའི་ཟླ་6ཚེས་15ཉིན། མ་སྨད་གཉིས་ནས་ལོ་ངོ་བཅུའི་གོང་ཐུག་ས་དེར་ཡང་བསྐྱར་པར་ལེན་བྱས་པ།
ལོ་རེར་ཝུའུ་ཧན་དང་བོད་ལྗོངས་བར་འགྲོ་བསྐྱོད་བྱེད་ཐེངས་རེ་རེར། ཉི་མ་ལྷ་མོས། རང་ཉིད་ནི་ཁྲུང་ཁྲུང་ཞིག་དང་འདྲ་བར། རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་བརྩེ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ཅེས་བརྗོད།
ལོ་ཟླའི་འཁོར་བགྲོད་ནི་ཆུ་མོ་བཞིན་དུ་ཡལ། ལོ་བཅུ་ལྷག་ཙམ་སོང་རྗེས། ཉི་མ་ལྷ་མོ་དེ་སྔ་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་བུ་མོ་ཞིག་ནས་ད་ཆ་རང་ལོ་16ལ་སླེབས་པའི་གཞོན་ནུ་མ་ཞིག་ཏུ་གྱུར་ཡོད། རྒྱ་རིགས་ཨ་མ་དེས་སྒྲུབ་པའི་བྱ་བ་མཐའ་དག་ཉི་མ་ལྷ་མོའི་སེམས་སུ་བརྟན་པོར་ངེས་ཡོད། དེ་སྔ་ང་རང་འཛམ་གླིང་འདིའི་ཐོག་ཆེས་བཀྲ་མ་ཤིས་པའི་མི་ཞིག་ཡིན་པའི་སྣང་བ་ཡོང་གི་ཡོད། ཨ་མའི་བྱམས་སེམས་ཀྱིས་ངའི་སེམས་ནང་གི་ཁུར་པོ་ཡང་དུ་བཏང་སོང་ཞེས་ཉི་མ་ལྷ་མོས་ཞེས་བརྗོད།
སྤྱི་ལོ་2017ལོའི་ཟླ་5ཚེས་14ཉིན་གྱི་སྐྱེས་མའི་དུས་ཆེན་ལ། བུ་མོས་ཨ་མར་ཕུལ་བའི་སྐྱེས་མའི་དུས་ཆེན་གྱི་ཕྱག་རྟགས།
ཧྥན་ཧུང་ཧྭ་ཡིས་འབོད་སྐུལ་འོག ཝུའུ་ཧན་ལུས་རྩལ་ཞབས་བྲོའི་སྒྱུ་རྩལ་སློབ་གྲྭའི་སློབ་སྤྱི་ཏེང་ཡན་ཕིང་དང་། ཐའེ་པེ་ལམ་སློབ་ཆུང་གི་དགེ་རྒན་སུང་ཅ་ཉི་རྣམ་གཉིས་ཉི་མ་ལྷ་མོའི་བྱམས་སེམས་ཨ་མར་གྱུར་ཡོད། རྣམ་ཀུན་གྱི་དུས་ཚོད་ནང་། ཧྥན་ཧུང་ཧྭ་ཡིས་ད་དུང་བུ་མོ་ཁྲིད་ནས་སྤྱི་ཕན་གྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་བཞིན་པ་དང་། རོགས་སྐྱོར་ཐོབ་པ་ནས་གཞན་ལ་རོགས་རམ་བྱེད་མཁན་ཞིག་ཏུ་གྱུར། ཉི་མ་ལྷ་མོས། ཨ་མ་ལགས་ཀྱིས་མི་གཞན་ལ་རོགས་རམ་བྱས་པ་དེ་རང་ཉིད་ལ་བདེ་སྐྱིད་སྐྲུན་པའི་རྒྱུ་རེད་བསླབ་མྱོང་ཡོད་ཅེས་བརྗོད།
རང་ཉིད་ནད་གཞི་ཕོག་ནས་གཤགས་བཅོས་བྱེད་པའི་སྐབས། ཨ་མས་ཉིན་མཚན་བལྟོས་མེད་ཀྱིས་ནད་ཁྲིའི་ཟུར་དུ་ང་ལ་ཞབས་ཞུ་སྒྲུབ་རོགས་གནང་། ཉི་མ་ལྷ་མོར་སེམས་འགུལ་དེ་བས་ཆེ་བ་ཐེབས་ཡུལ་ནི། ཨ་མས་དངུལ་ཁང་གི་བྱང་བུ་དེ་བུ་མོའི་གཏོང་སྤྲོད་འབོ་དང་གཅིག་ཏུ་བསྡམས་པ་དེ་ཡིན་ཞིང་། ཉི་མ་ལྷ་མོའི་སེམས་སུ་ཁྱིམ་བདག་གཅིག་ཆགས་པའི་སྣང་བ་ཡོང་གི་ཡོད།
ཧུའུ་པེ་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་མ་ཅིང་ཧྥང་གིས། ཧྥན་ཧུང་ཧྭ་ཡིས་ཉི་མ་ལྷ་མོ་གངས་ལྗོངས་ས་མཐོ་ནས་ཝུའུ་ཧན་དུ་ཁྲིད་ཡོང་བ་དང་། ཁོང་མོར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྦྱིན་ཡོད། དཀའ་ལས་མང་པོ་དེ་ལྟར་བརྒྱབ་པ་དེའི་ཐོག་ནས། ཁོང་གི་སྒེར་སེམས་མེད་པ་དང་བརྩེ་བ་ཆེན་མོར་མི་རྣམས་ཀྱིས་དད་གུས་བྱེད་ཡུལ་དུ་གྱུར་ཡོད་ཅེས་གསུངས།
ཧྥན་ཧུང་ཧྭ་ཡིས་རོགས་སྐྱོར་གནང་མྱོང་བའི་དབྱི་ཏུའུ་སློབ་འབྲིང་དང་པོའི་ཉི་འོད་འཛིན་གྲྭའི་དགེ་རྒན་གྱིས། ཧྥན་ཧུང་ཧྭ་ཡིས་ང་ཚོའི་ཉི་འོད་འཛིན་གྲྭའི་སློབ་མ་རྣམས་ལ་བྱམས་སྐྱོང་གནང་གི་ཡོད། གསར་འགྱུར་དེ་བལྟས་པའི་རྗེས། ཁོང་ནི་རླབས་ཆེ་བའི་མ་ཡུམ་ཞིག་ཡིན་པ་ད་གཟོད་ཤེས་བྱུང་ཞེས་བརྗོད།
དྲ་གྲོགས་སི་སིས། ཧྥན་ཧུང་ཧྭ་ཡི་མཛད་རྗེས་ཀྱིས་ང་ཚོ་མི་རིགས་56ནི་ཁྱིམ་ཚང་གཅིག་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་བརྗོད།
ལོ་ངོ་བཅུ་གྲངས་ཉིན་མོ་གཅིག་ལྟར་བརྩེ།།
ཧྥན་ཧུང་ཧྭ་ཡིས་རྒྱུན་བསྲིངས་ལྷོད་མེད་ངང་།།
ཉི་མ་ལྷ་མོ་བྱམས་དང་བརྩེ་བས་བསྐྱངས།།
ཧྥན་ཧུང་ཧྭ་ཡི་ཐུགས་རྒྱུད་བཟང་པོ་ཡིས།།
ངོ་ཚ་སྨིན་པའི་བུ་མོ་ཆུང་ཆུང་དེ།།
ཡིད་ཆེས་སྤྲོ་བས་ཁེངས་པའི་གཞོན་ནུར་གྱུར།།
ཧྥན་ཧུང་ཧྭ་ལ་བསྟོད་པའི་མཐེ་བོང་ཀེར།།
རྩོམ་སྒྲིག་པ། སྣང་རྡོར།