ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཆུ་ཤུར་རྫོང་གིས་འོང་སྐོར་དུས་ཆེན་རོལ་བ།

སྤེལ་དུས 2020-08-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
རྟ་རྒྱུག་འགྲན་བསྡུར་ནང་ཞུགས་བཞིན་པའི་གྲོང་མི་ཚོ།
རྟ་བ་ཞིག་གིས་རྟ་རྩལ་མངོན་བཞིན་པ། 
རྟ་རྒྱུག་འགྲན་བསྡུར་ནང་ཞུགས་བཞིན་པའི་གྲོང་མི་ཞིག
གཡག་རྒྱུག་འགྲན་བསྡུར་ནང་ཞུགས་བཞིན་པའི་གྲོང་མི་ཞིག
གྲོང་མི་ཚོ་གཡག་རྒྱུག་འགྲན་བསྡུར་ནང་ཞུགས་བཞིན་པ།
        ཉིན་ཤས་རིང་བོད་ལྗོངས་ཆུ་ཤུར་རྫོང་གི་ཞིང་འབྲོག་པས་རྒྱན་གོས་ལེགས་པོར་སྤྲས་ཏེ་རྟ་རྒྱུག་འགྲན་བསྡུར་དང་གཡག་རྒྱུག་འགྲན་བསྡུར་སོགས་ཀྱི་བྱ་འགུལ་ནང་ཞུགས་ཏེ་འོང་སྐོར་དུས་ཆེན་ལ་རོལ་ཞིང་། བོད་ལྗོངས་ཞིང་ཁུལ་གྱི་འོང་སྐོར་དུས་ཆེན་ནི་གྲོ་ནས་སྨིན་དུས་སུ་ལོ་ལེགས་འབྱུང་བར་སྨོན་འདུན་ཞུ་བའི་དུས་ཆེན་ཞིག་ཡིན་ལ་ལོ་ངོ1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས། རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་གྲས་སུ་བཅུག་ཡོད། ས་གནས་སོ་སོའི་གྲོ་ནས་སྨིན་པའི་དུས་ཚོད་མི་གཅིག་པས་འོང་སྐོར་དུས་ཆེན་ལ་རོལ་བའི་དུས་ཀྱང་མི་མཚུངས། །
རྩོམ་སྒྲིག་པ། སངས་སྐྱབས།