ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་བྱང་ཐང་གི་སྤྲོ་ཚོགས།

སྤེལ་དུས 2020-08-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དྲི་མེད་དྭངས་གཙང་གི་ཁ་བཏགས་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བ་དང་། གསར་དུ་བསྙལ་བའི་ཆང་གི་དྲི་ཞིམ་ཕྱོགས་བཞིར་འཐུལ།  ཟླ་8པའི་ཚེས་10ཉིན། 2020ལོའི་ནག་ཆུ་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དེ་འགོ་ཚུགས་པ་རེད།
          བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་སྨི་4500ཡན་ཟིན་ཅིང་། ས་རྒྱ་ཆེ་བས་བྱང་ཐང་ཞེས་ཀྱང་འབོད། མཐའ་ཡས་པའི་རང་བྱུང་རྩྭ་ཐང་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

          2020ལོའི་ནག་ཆུ་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།

          2020ལོའི་ནག་ཆུ་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་སྟེང་གི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན།
          ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ནག་ཆུ་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱིས་“དབུལ་ཕོངས་ལས་སྒྲོལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོ་བྱས་ཤིང་། སྒྱུ་རྩལ་དུས་ཆེན་སྐབས་སུ་བོད་ལྗོངས་བྱང་ཐང་གིས་ཕུལ་བྱུང་རིག་གནས་འགྲེམས་སྟོན་དང་། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར། དངོས་ཟོག་ཚོང་དོན་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཚོང་འགུགས་མ་རྩ་འདྲེན་པའི་ངོ་འཕྲད་གྲོས་མོལ། ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
          སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ། སྙན་འཇེབས་ལྡན་པའི་གླུ་སྐད་དང་མཛེས་ ཤིང་སྡུག་པའི་ཞབས་བྲོ། ད་དུང་ངོ་མཚར་ཆེ་བའི་རྟ་རྩལ་གྱིས་འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས་པར་བྱས། དེར་མཐུད་ནས་སྔོ་ལྗང་རྩྭ་ཐང་གི་རྟ་རྒྱུག་ར་བའི་ནང་སྐྱེས་པའི་རྡོ་འགྱོགས་དང་། སྐྱེས་པའི་དོ་པོ་རྒྱག་པ། རྟ་བཞོན་ནས་མདའ་འཕེན་པ་སོགས་ཀྱི་འགྲན་བསྡུར་རིམ་པ་བཞིན་སྤེལ་རྒྱུ་རེད།
མི་ལ་ལས་བློ་རྩེ་གཅིག་ཏུ་སྒྲིམ་ནས་འགྲན་བསྡུར་ལ་ལྟ་བ་དང་ཆབས་ཅིག། ཡང་ལ་ལས་དངོས་པོ་ཉོ་བ་དང་ཚོང་རར་སྐོར་བཞིན་ཡོད།
          ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་གི་གུར་ནང་དུ་པད་ཁའི་སྣུམ་དང་། རྩམ་པ། སུར་པན་སོགས་ཐོན་རྫས་གྲལ་འགྲིག་པོར་བསྒྲིགས་ཡོད་ལ།  གྲོང་མི་གུར་ནང་དུ་མཚམས་མི་ཆད་པར་ཡོང་ནས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད། དེའི་འགན་འཁུར་པས་གསར་འགོད་པར་བརྗོད་དོན། ཡུལ་དངོས་སུ་མཉམ་ལས་ཁང་གསུམ་ཡོད་ལ། ཐོན་རྫས་སྣ་ཁ་10ལྷག་ཙམ་ཕྱིར་ཚོང་བྱས་པར་རིན་ཐང་སྒོར་ཁྲི་60ཙམ་ཟིན་ཡོད་ཅེས་ཟེར།

          2020ལོའི་ནག་ཆུ་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དུ་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་བྱེད་པ། 

          2020ལོའི་ནག་ཆུ་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དུ་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་པ། 
          སྐབས་གཉིས་པའི་“བྱང་ཐང་གི་བག་ཆགས”ཞེས་པའི་ཁྱད་ལྡན་ཐོན་རྫས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ། ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཁུལ་དང་། རང་བྱུང་འཐུང་ཆུའི་ཐོན་རྫས་འགྲེམས་ཁུལ། ས་མཐོའི་ཁྱད་ལྡན་བཟའ་བཏུང་འགྲེམས་ཁུལ་སོགས་སུ་ཉོ་ཚོང་གི་འདུ་འཛི་ཡིས་ཁེངས་ཡོད། ཐག་མི་རིང་བའི་རྩྭ་ཐང་ནས། “ཤུགས་རྒྱོབ”ཅེས་པའི་སྒྲ་ཡང་ཡང་གྲགས་ཤིང་། བྱང་ཐང་གི་རྩྭ་ཐང་སྟེང་དུ་རྩྭ་ཆུ་འཛོམས་ཤིང་རྟ་ནོར་ལ་ཤ་ཤེད་རྒྱས་པ་དང་།  མར་གྱི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཡོད། འདི་ནི་རྩྭ་ཐང་འདིར་དབང་བའི་སྤྲོ་སྐྱིད་ཅིག་ཅི་ལ་མིན།