ཞབས་ཞུ་ཚོང་དོན་གྱི་བསྡུས་གཟུགས།
སྤེལ་དུས 2020-09-10
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་4ནས་ཚེས་9ཉིན་བར། 2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་(གཤམ་དུ་ཞབས་ཞུའི་ཚོང་འདུས་ཞེས་བསྡུ་རྒྱུ།)དེ་པེ་ཅིང་དུ་འཚོགས་པ་རེད།
འདི་ནི་2022ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལྡོག་རྩིས་བྱང་བུའི་འགྲམ་གྱི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་ཚོགས་ར་རེད།
ཞབས་ཞུའི་ཉོ་ཚོང་ཚོང་འདུས་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་ཚོགས་འདུ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་སྟོན་ཚོགས་འདུ་བཅས་ལ་མཉམ་གཅིག་ཏུ་ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འགྲེམས་ཚོགས་ཆེན་པོ་གསུམ་ཞེས་འབོད་ཅིང་། དེ་ནི་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཀྱི་རྣམ་པའི་འགྲེམས་ཚོགས་ཤིག་ཡིན་པ་དང་། དེར་སྐྱེལ་འདྲེན་དང་། ཡུལ་སྐོར། ཨར་ལས། འགན་བཅོལ་ཞབས་ཞུ། དངུལ་རྩའི་ཞབས་ཞུ། གློག་འཕྲིན་དང་། རྩིས་འཁོར། ཆ་འཕྲིན་བཅས་ཀྱི་ཞབས་ཞུ་འདུས་པར་མ་ཟད། ཤེས་བྱའི་ཐོན་དངོས་ཀྱི་བདག་དབང་གི་སྤྱོད་གླ་དང་། མི་སྒེར་དང་། རིག་གནས། རོལ་རྩེད་བཅས་ཀྱི་ཞབས་ཞུ་འདུས་ལ། ཉམས་གསོ་དང་སྲུང་སྐྱོང་གི་ཞབས་ཞུ་དང་། ཚོང་ལས་ཀྱི་ཞབས་ཞུ་གཞན་དག ལས་སྣོན་ཞབས་ཞུ། སྲིད་གཞུང་གི་ཞབས་ཞུ་སོགས་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་ཆེན་པོ་12ཡོད་པ་རེད།
ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། དུས་མཚུངས་སུ་སྒྲིག་ལམ་ཡང་གོ་རིམ་ལྡན་པ་ཞིག་ཡིན་ཏེ། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོགས་འདུའི་ཐོག་དྲ་ཐོག་དང་ཡུལ་དངོས་སུ་དུས་ཆད་གཏོང་བའི་ཐབས་ལམ་གཉིས་སྤེལ་ཏེ། ཚོགས་ར་ཚང་མར་འཇུག་སྒོ་དང་ཕྱིར་གཏོང་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ད་རུང་དུས་ཐོག་གི་གནས་ཚུལ་ལ་གཞིགས་ནས་མི་གྲངས་ཚོད་འཛིན་ལག་བསྟར་བྱས་ཏེ། མི་སྣ་འདུས་ཚད་ཆེན་པོ་མི་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།
མིས་བཟོས་རིག་ནུས་དང་། VRལག་རྩལ། རིག་གནས་གསར་གཏོད་ཀྱི་ཐོན་རྫས་སོགས་ཕན་ཚུན་དབར་མཉམ་འགུལ་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། ཞབས་ཞུའི་ཉོ་ཚོང་ཞེས་པའི་གོ་དོན་དེ་ལྟ་ཆོག་པ་དང་། ཉན་ཆོག་པ། ཚོར་ཐུབ་པ་བཅས་ཀྱི་རྣམ་པའི་ཐོག་ནས་ལྟད་མོ་བར་མྱོང་ཚོར་ངོ་མ་བསྐྱལ་ཡོང་བ་རེད།

འདི་ནི་མི་ངོ་མ་དང་འདྲ་བའི་འཕྲུལ་ཆས་ཀྱི་མི་རེད།

འདི་ནི་ལྟད་མོ་བས་རིག་ནུས་ཉོ་སྒྲུབ་ལ་ཉམས་ལེན་བྱེད་པའི་རྣམ་པ་རེད།

འདི་ནི་ལྟད་མོ་བས་གློག་བརྙན་བརྙན་འཕྲིན་གྱི་འདྲེས་སྦྱོར་ལག་རྩལ་ཉམས་སུ་མྱོང་བའི་རྣམ་པ་རེད།

འདི་ནི་མིག་ཅེ་རེར་ལྟ་བའི་ལྟད་མོ་བ་ཆུང་ཆུང་རེད།

འདི་ནི་རྒྱང་སྐྱོད་ཨང་ལྔ་པའི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་དཔེ་དབྱིབས་རེད།

འདི་ནི་མྱུར་བགྲོད་ལྕགས་ལམ་མཐའ་འཁོར་གྱི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རེད།