དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པའི་བོད་ཀྱི་ལེའུ”ཞེས་པའི་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

སྤེལ་དུས 2020-09-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱའི་དཔྱད་བརྗོད་ལས་དོན་ཅུས་ཀྱིས་མཛུབ་ཁྲིད་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང། གཞིས་རྩེ་གྲོང་ཨུ་དྲ་འཕྲིན་གཞུང་དོན་ཁང་གིས་གཉེར་འགན་འཁུར་བའི་“དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པའི་བོད་ཀྱི་ལེའུ”ཞེས་པའི་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་བྱེད་སྒོ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད།

         “དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པའི་བོད་ཀྱི་ལེའུ”ཞེས་པའི་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།

           དར་ཆ་སྤྲོད་པའི་མཛད་སྒོ།
           ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་སྤེལ་བའི་ཆེད་དོན་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་གྱི་བྱེད་སྒོ་ཞིག་རེད། བྱེད་སྒོའི་དུས་ཡུན་ཉིན་4ཡིན་ལ། བཅར་འདྲི་ཚོགས་པའི་ཁོངས་མིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དང་། ཁང་དམར་རྫོང་། གམ་པ་རྫོང་བཅས་ས་ཁོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་བཅར་འདྲི་བྱས་ཏེ།“སྨྱན་མིག”གི་ལྟ་ཕྱོགས་ལས་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རིང་ལ་ཐོན་པའི་སྔོན་ཐོན་མི་སྣ། མི་སེམས་འགུལ་བའི་བྱས་རྗེས་དག་གཏིང་ཟབ་མོའི་སྒོ་ནས་སྔོག་འདོན་དང་སྤེལ་གཏོང་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གཞིས་རྩེར་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བྱས་པ་མངོན་པར་མཚོན་ནས། མི་སེམས་སྔར་ལས་གཅིག་སྒྲིལ་དང་ཡིད་ཆེས་སྲ་བརྟན་དུ་བཏང་སྟེ། མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད། 
           དཔལ་འབྱོར་ཉིན་རེའི་ཚགས་པར་དང་། ཀྲུང་གོའི་ཉིན་རེའི་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་སྨྱན་སྦྱོར་ལས་ཁུངས་དང་། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་དྲ་བ། ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས། དེ་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀྲུང་གོའི་བོད་ལྗོངས་འཕྲིན་དྲ། བོད་ལྗོངས་མྱུར་བཤེར་སོགས་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་སྨྱན་སྦྱོར་དང་།  དྲ་རྒྱའི་བཟང་ཕྱོགས་མི་སྣ་30ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།