ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་དམག་ཁུལ་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་གི་ལས་འགན་ནང་ཐེངས་དང་པོར་ཞུགས།

སྤེལ་དུས 2020-09-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་10ཉིན་གྱི་སྔ་དྲོར་བོད་ལྗོངས་དམག་ཁུལ་གྱིས་ལྷ་ས་ནས་ཁོང་ཀོ(ཅིན)ཞི་བདེ་སྲུང་སྐྱོང་གི་སྨན་བཅོས་ཡན་ལག་རུ་ཁག་རྒྱང་སྐྱོད་བྱེད་པའི་མཛད་སྒོ་འཚོགས་ཤིང་། ཞི་བདེ་སྲུང་སྐྱོང་དཔོན་དམག་གི་གཉེན་ཉེ་ཚོའི་བདེན་དཔང་འོག གངས་ལྗོངས་མཐོ་སྒང་ནས་སྨན་བཅོས་འཕྲོད་བསྟེན་ཕྱོགས་ཀྱི་དཔོན་དམག་43ལས་གྲུབ་པའི་ཡན་ལག་རུ་ཁག་ཐོག་མ་དེ་ཟླ་2རིང་ལ་གྲ་སྒྲིག་བྱས་རྗེས། ཟླ་9པའི་ཚེས་14ཉིན་ཁོང་ཀོ(ཅིན)རུ་བསྐྱོད་རྒྱུ་ཡིན་པ་དང་ཁོང་ཚོས་ཁོང་ཀོ(ཅིན)ཞི་བདེ་སྲུང་སྐྱོང་གི་དཔུང་སྡེ་རིམ་ཁག་24པའི་ནང་དུ་ཞུགས་རྒྱུ་རེད། འདི་ནི་བོད་ལྗོངས་དམག་ཁུལ་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་གྱི་བདེ་སྲུང་ལས་འགན་ནང་ཞུགས་པ་ཐོག་མ་ཡིན། 

         རྒྱང་སྐྱོད་མཛད་སྒོའི་ཡུལ་དངོས།
         འཐབ་འཛིང་པ་སུང་སི་ཡོན་གྱི་ཁྱིམ་མི་ཞུས་ལི་ཕིང་གིས་ཁྱོ་ག་ཕྱི་རྒྱལ་དུ་འགྲོ་རྒྱུ་ཡིན་པ་ཤེས་རྗེས་ཆེད་དུ་ནང་ས་ནས་སླེབས་ཏེ་ཁོང་ལ་སྐྱེལ་མ་ཞུས། ཞུས་ལི་ཕིང་གིས་“ཁོང་ས་ཐག་རིང་པོ་དེ་འདྲ་ཞིག་ཏུ་སྐྱོད་སྐབས་དཀའ་ངལ་ཅུང་ཙམ་ཡོད་པ་ཁོ་ཐག་ཡིན་པས། ངས་ས་ཆ་དེའི་ཁོར་ཡུག་ཅི་འདྲ་ཡིན་པ་མི་ཤེས་ཀྱང་སྐད་ཆ་ཚིག་གཅིག་བཤད་རྒྱུ་ཡོད་པ་ནི་ཁོ་རང་བདེ་ལེགས་ངང་ཕྱིར་ལོག་ཡོང་རྒྱུའི་རེ་བ་ཆེ། དེ་ནས་ཁོང་གི་འཐབ་གྲོགས་རྣམས་ཀྱང་བདེ་བར་སྨོན། ངས་ཁྱིམ་ནས་སེམས་བདེ་མོའི་ངང་ཁོ་ཕྱིར་ཡོང་བར་སྒུག་འདུག་རྒྱུ་ཡིན།”ཞེས་བཤད། ནད་གཡོག་པ་ཧྥུ་མིན་མའེ་དང་ལོའུ་ལིན་གཉིས་ལོ་གཅིག་ལྷག་ལ་དགའ་རོགས་སྒྲིག་ནས་ཁ་བྲལ་ལ་ཉེ་བས་ཕན་ཚུན་བློས་གཏོང་མི་ཐུབ་པ་ཞིག་རེད། “ངས་ཁྱོད་ལ་བརྗོད་འདོད་པ་ནི་ཕྱིར་སྐྱོད་སྐབས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། ལས་འགན་ལེགས་འགྲུབ་བྱས་ནས་བདེ་འཇགས་ངང་ཕྱིར་ལོག་རྒྱུ་དེ་ཡིན།”ཞེས་བོད་ལྗོངས་དམག་ཁུལ་གྱི་སྐྱེལ་འདྲེན་ལུའེ་ཞིག་གི་ཕའེ་ཀྲང་ལོའུ་ལིན་གྱིས་རྒྱང་སྐྱོད་བྱེད་གྲབས་ཡོད་པའི་ཧྥུ་མིན་མའེ་ལ་དེ་ལྟར་བཤད། 

         དར་ཆ་སྩོལ་བའི་མཛད་སྒོའི་ཡུལ་དངོས།

         ཞི་བདེ་སྲུང་སྐྱོང་རུ་མི་43གྱིས་རྒྱལ་གླུ་མཉམ་ལེན་བྱེད་བཞིན་པ།

         རྒྱང་སྐྱོད་བྱེད་གྲབས་ཡོད་པའི་བདེ་སྲུང་རུ་མི་དང་ནང་མིས་མཉམ་པར་བསྐྱོན་བཞིན་པ།
         རྒྱུས་ལོན་བྱུང་བ་ལྟར་ན། མི་43ལས་གྲུབ་པའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་དཔུང་ཁག་དེ་ནི་རིམ་པ་བཞིན་འདེམས་སྒྲུག་བྱས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་ལ་ཆ་སྙོམས་ལོ་ཚད་31.1ཡིན། ཁོང་ཚོ་དང་དཔུང་ཁག་གཞན་དག་མཉམ་དུ་སྡེབ་ནས་ཁོང་ཀོ(ཅིན་)ཞི་བདེ་སྲུང་སྐྱོང་གི་དཔུང་སྡེ་རིམ་ཁག་24པ་གྲུབ་པ་རེད། ཁོང་ཚོས་དེ་སྔོན་ཟླ་2ཙམ་རིང་“རིམ་པ་གཉིས་པའི་སྨན་ཁང་དུ་ཚད་ལྡན་ཅན་གྱི་མྱུར་སྐྱོབ་སྨན་བཅོས་བརྒྱུད་རིམ་དང་། ནད་སྐྱོང་ལག་ལེན་ནུས་རྩལ།” “བྱེས་འཐབ་ཆ་རྐྱེན་འོག་རང་སྐྱོབ་དང་སྐྱོབ་རོགས་འབོད་པ།” “ཕྱི་དོན་རྒྱུན་ཤེས།” “འགོས་ནད་འགོག་བཅོས་”དང་དེ་བཞིན་མ་བྱན་དང་རླངས་འཁོར་གཏོང་བ་སོགས་ཆེད་ལས་སློབ་ཚན་9ལ་སྦྱོང་བརྡར་དང་དཔྱད་ཞིབ་བྱས་པ་མ་ཟད། ད་དུང་སྐྱུག་བཤལ་དང་ཚ་སེར་ནད། མཆིན་ནད་ཀ་པ་སོགས་རིམས་འགོག་སྨན་ཁབ་རིགས་7བརྒྱབ་ཡོད། 

ཁོང་ཀོ་(ཅིན)རུ་སྐྱོད་མཁན་བོད་ལྗོངས་དམག་ཁུལ་གྱི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་རྒྱང་སྐྱོད་མཛད་སྒོའི་མཉམ་པར་བསྐྱོན་བཞིན་པ།
         “ང་ཚོ་ནི་བོད་ལྗོངས་དམག་ཁུལ་གྱི་ཁོང་ཀོ(ཅིན)ཞི་བདེ་སྲུང་སྐྱོང་སྨན་བཅོས་རུ་ཁག་ཐོག་མ་ཡིན་པའི་ཆ་ནས། མེས་རྒྱལ་གྱི་མངག་བཅོལ་བློ་ལ་བརྟན་པོར་བཟུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྲད་པའི་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་འགན་ཆ་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ལས་འགན་ལ་ངོ་གནོང་མི་དགོས་པར་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་ངེས་ཡིན། རྩེར་སོན་གྱི་ཚད་གཞི་དང་རྩེར་སོན་གྱི་ལག་རྩལ། ལས་ཆོད་ཆེ་བའི་ལས་དོན། ཉམས་སད་ཐེག་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་སྨན་བཅོས་སྲོག་སྐྱོབ་བྱས་ཏེ་ཞི་བདེ་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་སྨན་པ་བྱེད་པར་བརྩོན་ལེན་བྱ་ངེས།”ཞེས་ཁོང་ཀོ(ཅིན)རུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་རིམ་ཁག་24པའི་རུ་དཔོན་ཀྲང་མིན་གྱིས་དེ་ལྟར་བཤད།