དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བྲག་གཡབ་ཀྱི་མཚན་མོར་བསམ་གཞིགས་གྲངས་མེད་སྦས་ཡོད།

སྤེལ་དུས 2020-09-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
       བྲག་གཡབ་ཀྱི་མཚན་མོ་ནི་ཤིན་ཏུ་ངོ་མཚར་ལྡན་པ་ཞིག་སྟེ། ཁོ་མོར་སྤྲོ་དགས་བརྟས་ཀྱང་འུར་ཟིང་ཆེ་བ་ཞིག་མིན་པ་དང་། ཡིད་དུ་འོང་ཡང་མིག་ལ་གཟན་པ་ཞིག་མིན་པར། ཀུན་གྱིས་བློ་ངོ་ནས་སྐད་ཅིག་ཡལ་ཐུབ་པ་ཞིག་མིན་ཏེ།  གློ་བུར་དུ། ལོ་ངོ་4ཡི་ཡར་སྔོན་གྱི་མཚན་མོ་ཞིག་དྲན་ངོས་སུ་ཤར་བྱུང་།
       དེ་ནི་ང་རང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་འོང་བའི་མཚན་མོ་ཐོག་མ་སྟེ། སྐབས་དེའི་གནས་ཚུལ་དེ་སྐད་ཅིག་ཉིད་དུ་མིག་ལམ་དུ་འཆར་ཡོང་སྟེ། ལག་པ་བརྐྱངས་ཚེ་མཛུབ་མོ་ལྔ་ཡང་མི་མཐོང་བར་ཕྱི་རོལ་ནག་ཐོམ་མེར་ཡོད་ཅིང་། གཙང་འགྲམ་གྱི་ཚོང་ཁང་ཆུང་གྲས་དག་གི་གློག་འོད་གསལ་ལ་མི་གསལ་བ་དང་། ཐག་རིང་གི་རྫོང་མཁར་ཡང་ནག་ཐོམ་མེར་ཆགས་ཡོད། སྐབས་དེར་གྲོང་བརྡལ(དབྱེན་འདུམ་གྲོང་བརྡལ)ནི་རྫོང་མཁར་དང་བར་ཐག་ཤིན་ཏུ་རིང་བར་སྣང་། འདམ་ལམ་དུ་སྒོ་ཁྱི་གསུམ་བཞི་ཞིག་གི་ཟུག་སྐད་ཁྱབ་ཡོང་པས།  སྙིང་ཆུང་བ་དག་ནི་མཚན་མོར་ཕྱི་རུ་འགྲོ་བར་ཡང་སྐྲག གྲོང་བརྡལ་སྲིད་གཞུང་གི་མཐའ་འཁོར་གྱི་ལམ་ཚང་མ་བརླན་བཤེར་ཆེ་བའི་འདམ་ལམ་ཡིན་ཞིང་། སྐབས་འགར་རྐང་པ་སྤོས་མ་ཐག་འདམ་རྫབ་ནང་ལྷུང་གི་ེརེད། འཁྲིས་སུ་ཡོད་པའི་གཙང་པོ་ནི་ལང་ལོང་དུ་བཞུར་་གྱིན་འདུག
     འདི་ནི་བྲག་གཡབ་རྫོང་མཁར་གྱི་རྣམ་པ་རྙིང་པ་རེད།
 
འདི་ནི་དེང་གི་བྲག་གཡབ་རེད།
        ལོ་ངོ་བཞིའི་དུས་ཡུན་ནི་སྐད་ཅིག་རིང་ཡལ་ཞིང་། ལོ་བཞིའི་རིང་དུས་བབ་ལ་འགྱུར་ལྡོག་ཕྱིན་པ་དང་ལོ་ངོ་བཞིའི་རིང་གི་བྲག་གཡབ་འཚར་ལོངས་དང་འཕེལ་རྒྱས་བྱུང་བཞིན་ཡོད། ལོ་ངོ་4དེའི་རིང་བྲག་གཡབ་ཀྱི་མཚན་མོ་ལའང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 
        བྲག་གཡབ་ནས་ལོ་ངོ་བཞིའི་རིང་འཚོ་བ་རོལ་མྱོང་བའི་ང་ལ་མཚོན་ན། དེ་གའི་འགྱུར་ལྡོག་ལ་སེམས་ཚོར་མངོན་གསལ་དོད་པོ་ཡོད་པ་སྟེ། རྫོང་གྲོང་གི་གྲོང་སྲིད་ལམ་བུ་ཁྱོན་ཡོངས་ནས་སྲ་འགྱུར་བྱུང་ཡོད་པ་དང་འགྲོ་སྐྱོད་ཀྱི་འགྲོ་ལམ་གཙང་ལ་སྟབས་བདེ་བས་བྲག་གཡབ་ནི་ཤིན་ཏུ་གྲལ་དག་པ་ཞིག་ཡིན་ལ། བྲག་གཡབ་ཀྱི་རྣམ་པ་ལྡན་པའི་ལམ་སྒྲོན་གྱེན་དུ་བསླངས་ཤིང་། ཁ་དོག་དམར་སེར་སྡེབ་པས་རྫོང་གྲོང་དུ་མཛེས་རྒྱན་སྤྲས་ཡོད་ལ། རྫ་ཆུའི་ཐང་ཆེན་ནི་མང་ཚོགས་ཀྱིས་མཚན་མོ་རེ་རེར་སྐོར་བྲོ་འཁྲབ་སའི“སྤྲོ་སྣང་ལྡན་པའི་ཁྱིམ་གཞིས”སུ་གྱུར་ཡོད་ཅིང་། སྐོར་བྲོ་འཁྲབ་ནས་ཉིན་གཅིག་གི་ངལ་དུབ་སེལ་བར་བྱས་ཡོད་།  “རྫ་ཆུའི་ལས་འབྲེལ་རྐང་བགྲོད་ཁྲོམ་གཞུང”གིས་གྲོང་ཁྱེར་ལ་གསོན་ཤུགས་དེ་བས་མང་བ་སྦྱིན་ཡོད། ཁང་རྙིང་ཁུལ་བསྒྱུར་བཀོད་བྱས་པ་དེས་རྫོང་གྲོང་གི་དེང་རབས་ཅན་གྱི་འཚོ་བའི་རྣམ་པ་ཇེ་ལེགས་སུ་ཕྱིན་ནས་མང་ཚོགས་ལ་བདེ་སྐྱིད་ལྡན་ཡོད་པ་དང་། རིག་གནས་བར་ཁྱམས་དང་ལྗང་འཛུགས་ལྗང་སྒྱུར་བཅས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བྲག་གཡབ་དྭངས་ཤིང་གཙང་ལ་འཁྲུག་ཆ་དོད་པོར་གྱུར། ཉམས་འཇོག་དབང་མེད་པར་གྲོང་ཁྱེར་ལ་འགྱུར་བ་བྱུང་འདུག   ཕྱིར་དྲན་བྱས་ཚེ། འགྱུར་ལྡོག་ཕྲན་བུ་བྱུང་བའི་བར་གླགས་སུ་འདས་སོང་གི་ཕྱིར་དྲན་མང་པོ་ཉར་ཡོད་པ་རེད། 
        བྲག་གཡབ་ཀྱི་འགྱུར་ལྡོག་ཕྲན་བུའི་བར། བགྲང་ལས་འདས་པའི་གཏམ་རྒྱུད་ཀྱིས་ཁྱབ་ཅིང་བགྲང་ལས་འདས་པའི་དྲན་ཤིང་བརྐོས་ཡོད། མི་རབས་ནས་མི་རབས་བར་གྱི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་མཁན་གྱི་སེམས་ཤུགས་དང་དཀའ་སྤྱད་ཀྱིས་ངལ་རྩོལ་བྱས་ཚུལ་ཟིན་ཐོར་འགོད་བཞིན་ཡོད། 
        ཚེ་སྲོག་ནི་མེ་ཏོག་དང་འདྲ་སྟེ། ངའི་ཡོད་ཚད་ནི་བྲག་གཡབ་ཀྱི་རི་ཆེན་དག་གིས་བསྩལ་པ་ཡིན་ལ། ངས་ནི་འདི་གའི་ཡོད་ཚད་ལ་བཀའ་དྲིན་ཞུ་འོས་ཏེ། དེ་གའི་བརྩེ་དུང་ལ་དྲིན་ལན་འཇལ་ཐབས་ཉག་ཅིག་ནི་འབད་བརྩོན་ལྷུར་ལེན་གྱིས་ཕུགས་འདུན་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ལས་མ་འདས་སོ། 
        སྒེའུ་ཁུང་ཕྱི་རོལ་དུ་ཆར་བ་ཟིམ་ཟིམ་འབབ་བཞིན་འདུག་ལ། མཁའ་དབུགས་ནི་ཧ་ཅང་གཙང་ཞིང་དྭངས། མི་ག་ཚོད་ཅིག་གིས་བྲག་གཡབ་ཀྱི་མཛེས་སྡུག་ལྡན་པའི་མཚན་མོའི་ཁྲོད་བགྲང་གིས་མི་ལངས་པའི་བསམ་གཞིགས་ག་ཚོད་ཉར་ཡོད་ཨང་།