ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2020ལོའི་ལྷ་སའི“དོན་གྲུབ་དངུལ་རྩའི་བུམ་པ”རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་ཚུགས་པ།

སྤེལ་དུས 2020-09-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་15ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2020ལོའི་ལྷ་ས་གྲོང་ཁྱེར་གྱི་“དོན་གྲུབ་དངུལ་རྩའི་བུམ་པ”རྟགས་མའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་པིན་ཧོ་ལུས་རྩལ་སྤྱི་གླིང་དུ་འགོ་ཚུགས་པ་རེད། འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།

         “དོན་གྲུབ་དངུལ་རྩའི་བུམ་པ”རྟགས་མའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱིས་རྒྱ་ཆེའི་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ཚོས་རྐང་རྩེད་སྤོ་ལོ་ལོངས་སུ་སྤྱོད་པའི་ལྡིངས་ཆ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད། 

          ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཐེངས་འདིའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ནི་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་བྱ་འགུལ་ལ་སྐུལ་འདེད་གཏོང་བ་དང་། ལས་བཟོ་པའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལས་ཁུངས་ཕན་ཚུན་དབར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱ་བར་ཤུགས་སྣོན་རྒྱག་པའི་ཆེད་དུ་སྤེལ་བ་ཡིན་ལ། ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་འཕེལ་བར་དོན་སྙིང་ངེས་ཅན་ལྡན་ཡོད་ཅེས་བཤད། འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།

          རྒྱུས་ལོན་བྱུང་བ་ལྟར་ན། འགྲན་བསྡུར་དེ་ཟླ་9པའི་ཚེས་19ཉིན་མཇུག་བསྡུ་རྒྱུ་རེད།འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད། 

          འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།

          འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།

          འདི་ནི་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།