ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གོང་དཀར་གནམ་ཐངT3གནམ་གྲུའི་འབབ་ཚུགས་ཐོག་ཁང་གི་གནས་ཚུལ་གསར་ཤོས།

སྤེལ་དུས 2020-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཟླ7པའི་ཚེས27ཉིན། ལྷ་ས་གོང་དཀར་གནམ་ཐང་གི་གསར་དུ་བསྐྲུན་པའི་མཁའ་འགྲུལ་ས་ཚིགསT3གྱི་ངར་ལྕགས་སྒྲིག་གཞི་ཚེས27ཉིན་བསྐྲུན་ཟིན་པ་དེས་མཁའ་འགྲུལ་ས་ཚིགསT3གྱི་སྒྲིག་གཞི་གཙོ་བོ་སྐྲུན་ཟིན་པ་ཡང་མཚོན་ཡོད་ཅིང་། སྤྱིའི་སྒྲོམ་གཞི་བསྐྲུན་ཟིན་པ་དང་ལས་གྲྭ་ཕྱོགས་ཡོངས་ནས་སྒྲིག་སྦྱོར་ཨར་ལས་ཀྱི་དུས་མཚམས་སུ་སླེབས་ཡོད། 

          འོ་ན་གསར་དུ་བསྐྲུན་པའིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་སྒྲིག་བཟོའི་འཕེལ་རིམ་ག་འདྲ་ཡིན་ཞེ་ན། 
          མིག་སྔར་བཟོ་སྐྲུན་ལེགས་འགྲུབ་བྱུང་བའི་གནས་ཚུལ་ནི་གཤམ་གསལ་ཏེ། 
          གསར་དུ་བསྐྲུན་པའི་གནམ་ཐང་བབས་ཚུགས་དང་དེ་བཞིན་སྒྲིག་བཟོའི་ལས་གྲྭ60.2%ལེགས་གྲུབ་བྱུང་བ། 
          གནམ་ཐང་འབབ་ཚུགས་ཀྱི་གློག་ཞན་པའི་ལས་གྲྭ54.1%ལེགས་གྲུབ་བྱུང་བ། 
          གནམ་ཐང་འབབ་ཚུགས་ཀྱི་གནམ་གྲུར་འཛེག་ཟམ55%ལེགས་གྲུབ་བྱུང་བ། 
          གནམ་ཐང་འབབ་ཚུགས་ཀྱི་འགྲུལ་ཆས་བརྒྱུད་གཏོང་མ་ལག་ལས་གྲྭའི་རྣམ་གྲངས36.5%ལེགས་གྲུབ་བྱུང་བ། 
          གནམ་ཐང་འབབ་ཚུགས་ཀྱི་འབབ་ཚུགས་སྡིངས་ཆའི་ལས་གྲྭ་དང་དེ་བཞིན་སྤྱིའི་དཔེ་རིས་ཀྱི་ས་ལས་ལས་གྲྭ་77.5%ལེགས་གྲུབ་བྱུང་བ། 
          ནུབ་ཁུལ་གྱི་ཁེར་གཟུགས་དང་ཟོག་འདྲེན་ས་ཚིགས་ཀྱི་ལས་གྲྭ99.4%ལེགས་གྲུབ་བྱུང་བ། 
          གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་སྤྱིའི་དཔེ་རིས་ལས་གྲྭ47.39%ལེགས་གྲུབ་བྱུང་བ། 

          སྤྱི་བདེ་བདེ་འཇགས་ཞིབ་བཤེར་གྱི་ཁང་པ་དང་དེ་བཞིན་ཤར་ཁུལ་གྱི་ལས་གྲྭ་རྐྱང་པ95.4%ལེགས་གྲུབ་བྱུང་བ། 
          ཐོན་སྐྱེད་གཉེར་སྐྱོང་དོ་དམ་མ་ལག44.5%ལེགས་གྲུབ་བྱུང་བ། 
          དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ཐོག་དོ་དམ་དང་བདེ་འཇགས་འགོག་སྲུང་ལས་གྲྭ49.01%ལེགས་གྲུབ་བྱུང་བ། 
          ས་ཚིགས་ཀྱིས་སྣུམ་མཁོ་འདོན་དང་ས་ངོས་སྣུམ་སྣོན་ས་ཚིགས་ཀྱི་ལས་གྲྭ100%ལེགས་གྲུབ་བྱུང་བ། 

          ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ནི2025ལོའི་མཁའ་འགྲུལ་ལས་སྒོའི་གྲངས་འབོར་སྔོན་དཔག་ཐུབ་པ་བྱ་རྒྱུ་རྨང་གཞིར་བྱས་ཏེ། གནམ་ཐང་འབབ་ཚུགས་ཀྱི་གཞི་ཁྱོན་དང་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་ཆས་ཐད་གནམ་ཐང་འཕེལ་རྒྱས་ལ་ཚོད་འཛིན་དང་གནམ་ཐང་གི་བདེ་འཇགས་གཉེར་སྐྱོང་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་འབྲེལ་ཡོད་གནད་དོན་གཙོར་བཟུང་ནས་ཐག་གཅོད་བྱས་པ་ཞིག་རེད། བོད་ལྗོངས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་རྒྱུན་མཐུད་ངང་འཕར་བའི་དགོས་མཁོ་དང་འཚམ་ཆེད། བོད་ལྗོངས་སུ་ལྷ་ས་གོང་དཀར་གནམ་ཐང་གིས་ལྟེ་བ་བྱེད་པ་དང་ཡན་ལག་གནམ་ཐང་གཞན་དག་གིས་རེས་མོས་བྱེད་པའི“ལྟེ་བའི་འཁོར་དབྱིབས”ཀྱི་མཁའ་ལམ་གྲུབ་ཆ་རིམ་གྱིས་ཆགས་པར་བྱ་རྒྱུ་རེད། 
          ལྷ་ས་གོང་དཀར་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་རྣམ་གྲངས་ཀྱི་ལས་གྲྭ་ཞིག་ཡིན་ལ། གནམ་ཐང་གི་ས་བབ་མཐོ་ཚད་སྨི3570ཟིན་པས་དེ་ནི་ས་མཐོའི་གནམ་ཐང་གི་ཁོངས་སུ་གཏོགས་ཡོད། T3མཁའ་འགྲུལ་འབབ་ཚུགས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ གྲུ་བཞི་མ94722.51ཟིན་པ་དང་འཛུགས་སྐྲུན་གྱི་མཐོ་ཚད་སྨི44.736ཟིན་ཡོད། ད་རེས་ཀྱི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་རྗེས། 2025ལོར་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི900དང་དངོས་ཟོག་དང་སྦྲག་བསྐུར་འདོན་འཇུག་བྱེད་ཚད་ཏུན་ཁྲི8ཡིན་པའི་དམིགས་ཚད་མངོན་འགྱུར་བྱ་ཐུབ་རྒྱུ་རེད། 

འདི་ནི་ལྷ་ས་གོང་དཀར་གནམ་ཐང་གི་གསར་དུ་བསྐྲུན་པའིT3མཁའ་འགྲུལ་འབབ་ཚུགས་ཀྱི་ཐུར་ལྟའི་རི་མོ་རེད།
རྩོམ་སྒྲིག་པ།  རིག་གྲོལ།