ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པ】སྔོན་བྱོན་བློ་མཐུན་ངག་དབང་ཆོས་ཉིད་ལ་གུས་འདུད་ཞུ།

སྤེལ་དུས 2020-09-18 ཡོང་ཁུངས། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཉེ་ཆར།  “དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པའི་བོད་ཀྱི་ལེའུ”ཞེས་པའི་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་བྱེད་སྒོའི་བཅར་འདྲི་ཚོགས་པའི་ཁོངས་མི་རྣམས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དུ་སོང་ནས་གཞིས་རྩེ་གྲོང་ཁྱེར་གྱི་“མི་སྣ་ཡག་ཤོས”ངག་དབང་ཆོས་ཉིད་ཀྱི་སྐུ་ཟླ་ལ་འཚམས་འདྲི་གནང་བ་དང་། ངག་དབང་ཆོས་ཉིད་ཀྱི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་བྱས་པ་རེད། 
           1978ལོར། བོད་ལྗོངས་མི་རིགས་སློབ་གླིང་ནས་ཐོན་མ་ཐག་པའི་ངག་དབང་ཆོས་ཉིད་གམ་པ་རྫོང་དུ་ལས་ཀ་བྱེད་པར་ཡོང་ནས། སྐབས་དེ་དུས་ཀྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཁུང་ཧྥན་སེན་གྱི་སྐད་སྒྱུར་པའི་འགན་འཁུར་པ་རེད། སྐབས་དེར་ཁུང་ཧྲུའུ་ཅི་ཡིས་དཔྱད་གཞི་དང་པོ་འཚོལ་ཆེད་རྟག་ཏུ་གྲོང་གསེབ་ཏུ་རྟོག་ཞིབ་བྱེད་པར་བསྐྱོད་བཞིན་ཡོད། ངག་དབང་ཆོས་ཉིད་ཁུང་ཧྥན་སེན་དང་འགྲོགས་ནས་མཐོ་བའི་རི་མགོ་དང་འབྲོག་སར་སོང་ལ། དམའ་སའི་ཞིང་ཁ་དང་། ད་དུང་ཁ་བ་བུ་ཡུག་གི་ཁྲོད་དུ་རྟ་ཞོན་ནས་དཀའ་ཚེགས་མང་པོ་མྱངས་མྱོང་། ལོ་གཉིས་ཀྱི་རིང་ལ། ངག་དབང་ཆོས་ཉིད་ལ་ཁུང་ཧྥན་སེན་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། ཁོང་གིས་“ཁུང་ཧྲུའུ་ཅི་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཁུང་ཧྲུའུ་ཅིའི་གཞན་ཕན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། ལས་དོན་སྒྲུབ་སྐབས་ཁུང་ཧྲུའུ་ཅི་ནང་བཞིན་ཧུར་ཐག་འབད་ཐག་བྱེད་དགོས”ཞེས་གསུངས་མྱོང་། 
           ལོ་ངོ་20ལྷག་གི་རིང་དུ། ཁོང་གིས་གམ་པ་རྫོང་སྨོན་སྡེ་ཆུས་ནས་སྲིད་གཞུང་གཞུང་དོན་ཁང་དང་། རིག་གནས་སློབ་གསོ་ཅུས་ནས་དགོན་པ་ལུང་ཤང་བར་སྔ་རྗེས་སུ་ལས་ཁུངས་བདུན་ནས་ལས་ཀ་བྱས་མྱོང་བ་རེད། འོན་ཀྱང་ཁོང་གམ་པ་དང་ཁ་བྲལ་མ་མྱོང་། རྒན་ཡོལ་ཞུས་ཀྱང་ངག་དབང་ཆོས་ཉིད་ཀྱིས་སྔར་བཞིན་ཁོམ་ལོང་མེད་པར། སྒྲོག་འགྲེལ་པ་དང་། རིག་རྩལ་པ། ཁོར་ཡུག་སྲུང་སྐྱོང་པ་སོགས་བྱས་པ་དང་། ཁོང་གིས་ལོ་ན་གཞོན་དུས་སུ་བཞག་པའི་དམ་བཅའ་སྟེ། “སྐྱེ་ས་སྟོད་ལུང་བདེ་ཆེན་ཡིན་མོད། ཤི་ས་གམ་པ་ཡིན”ཞེས་པའི་ཚིག་དེ་ཚེ་གང་གི་དུས་ཚོད་སྤྱད་ནས་མངོན་འགྱུར་བྱས་པ་རེད།
           2019ལོའི་ཟླ་6ཚེས་4ཉིན། དགུང་ལོ་67ལོན་པའི་ངག་དབང་ཆོས་ཉིད་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐུ་གཤེགས།

ངག་དབང་ཆོས་ཉིད་ཀྱི་སྐུ་ཟླས་འདས་པོ་ཁོང་གི་ཤུལ་བཞག་དངོས་པོ་སྟོན་བཞིན་པ།
            ངག་དབང་ཆོས་ཉིད་ཀྱི་སྐུ་ཟླས་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་མཛད་རྗེས་མང་པོ་ཕྱིར་དྲན་གནང་སྐབས། ཁོང་གིས་སྐུ་ཚེ་ཧྲིལ་པོར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་དང་ལག་ལེན་བསྟར་བའི་གནས་ཚུལ་མཐོང་ཐུབ། ངག་དབང་ཆོས་ཉིད་ཚེ་གང་པོར་གཞི་རིམ་ནས་རྐང་ཚུགས་པ་དང་། ལས་དོན་ལ་དཀའ་སྤྱད་འབད་བརྩོན་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ཤིང་། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་གནས་སུ་དཀའ་སྤྱད་འབད་འཐབ་ཀྱི་མི་ཚེའི་གཏམ་རྒྱུད་བྲིས་ལ།  ཁོང་གི་སྙིང་སྟོབས་ཀྱིས་གམ་པ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་དང་ཐེབས་བཞིན་ཡོད་པ་རེད།
གསར་འགོད་པ། རིག་གྲོལ།