ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་ཞིབ་བཤེར་ཚོགས་འདུ།

སྤེལ་དུས 2020-09-19 ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ།

          ཟླ་༩བའི་ཚེས་༡༩ཉིན། ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་རྒྱུད་འཛིན་དཔེ་སྐྲུན་ལས་གཞིའི་སྤུས་ལེགས་དཔེ་སྐྲུན་རྣམ་གྲངས་《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས》ཀྱི་ཆེད་རམས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་ཚོགས་འདུར་བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ཕུན་ཚོགས་ཡོན་ཏན་དང་། ལྷ་ས་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ཟླ་བ། སྔགས་པའི་གནའ་དཔེ་བསྡུ་སྒྲིག་གཞུང་ལས་ཁང་གི་འགན་འཁུར་བ་ཚུལ་ཁྲིམས་བློ་གྲོས། བོད་ལྗོངས་ཆབ་མདོ་རི་བོ་ཆེ་དགོན་པའི་བོད་ཀྱི་སྲོལ་རྒྱུན་དབྱངས་རྟའི་རྒྱུད་འཛིན་པ་བཀྲ་ཤིས་དབང་རྒྱལ། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱིའི་འགན་འཛིན་པ་ཀླུ་རྡེའུ་རྟ་མགྲིན་སྐྱབས་བཅས་ཆེད་རམས་པ་ལྔ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་རྩོམ་སྒྲིག་པ་ཡོངས་ཚོགས་ཞུགས་བྱས་ཡོད་ཅིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ།བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་འགོ་གཙོ་འོད་ཟེར་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་། 

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཚོགས་འདུའི་ཤིས་ཚིག་དང་འབྲེལ་གསུང་བཤད་གནང་བཞིན་པ།

བོད་ལྗོངས་ཆབ་མདོ་རི་བོ་ཆེ་དགོན་པའི་བོད་ཀྱི་སྲོལ་རྒྱུན་དབྱངས་རྟའི་རྒྱུད་འཛིན་པ་བཀྲ་ཤིས་དབང་རྒྱལ།

སྔགས་པའི་གནའ་དཔེ་བསྡུ་སྒྲིག་གཞུང་ལས་ཁང་གི་འགན་འཁུར་བ་ཚུལ་ཁྲིམས་བློ་གྲོས།

བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ཕུན་ཚོགས་ཡོན་ཏན།

ལྷ་ས་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ཟླ་བ།
          ཚོགས་ཐོག་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཚོགས་འདུའི་ཤིས་ཚིག་འབུལ་སྐབས་སུ་གསུངས་དོན།《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས》ནི་བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གི་ཐོག་མའི་བསྡུ་སྒྲིག་དང་གྲངས་འཛིན་དཔེ་སྐྲུན་ཅན། རྨང་གཞིའི་ཞིབ་འཇུག་གི་རྒྱུ་ཆ་དང་པོ་བཅས་ཡིན་པས་ན། དེ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རོལ་དབྱངས་སྒྱུ་རྩལ་དང་འཛམ་གླིང་རོལ་དབྱངས་ཀྱི་ཞིབ་འཇུག་དང་འཕེལ་རྒྱས་ལ་སྐུལ་འདེད་ངེས་ཅན་ཐོན་ངེས་ཚུལ་བསྟན།《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས》ཀྱི་གཙོ་སྒྲིག་པས་ཐེངས་འདིའི་ཞིབ་བཤེར་དང་གཏན་ལ་འབེབ་བྱའི་དེབ་ཀྱི་ནང་དོན་དང་པར་སྒྲིག་སོགས་ཀྱི་ཕྱོགས་ནས་གསལ་བཤད་གང་ལེགས་གནང་བས། ཆེད་རམས་པ་རྣམས་ཀྱིས་《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས》ལ་རྩོམ་སྒྲིག་བྱེད་སྐབས་དོ་སྣང་བྱ་དགོས་སའི་ཐད་ནས་དགོངས་འཆར་ལྷུག་པར་བསྩལ་ཏེ། ཐེངས་འདིའི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་ནང་དོན་དང་སྤུས་ཀ་སོགས་ཀྱི་ཐད་ལ་རྨང་གཞི་ལེགས་པོ་བཏིང་།

སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱིའི་འགན་འཛིན་པ་ཀླུ་རྡེའུ་རྟ་མགྲིན་སྐྱབས།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་འགོ་གཙོ་འོད་ཟེར་ལགས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ།
          བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་ནི་དུས་རབས་དང་གནས་བབ།གྲུབ་མཐའ་མི་འདྲ་བར་གཞིགས་ནས་འདོན་རྟ་ཡང་ཐུན་མོང་མ་ཡིན་པ་རེ་གྲུབ་ཡོད་པས། ཐེངས་འདིའི་《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས》ནི་ཐབས་ལམ་མི་འདྲ་བར་བརྒྱུད་བོད་མདོ་དབུས་ཁམས་གསུམ་ནས་འཚོལ་བསྡུ་གང་ལེགས་བྱས་ཏེ་སྤུས་ལེགས་ཀྱི་དེབ་དྲུག་དུ་བསྡུས་ཡོད་ཅིང་། ༢༠༢༠ལོའི་ལོ་མཇུག་ཏུ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག

རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།