དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་པའི“ཀྲུང་དབྱང་དྲ་རྒྱའི་གཙོ་རྒྱུག་སྨྱན་སྦྱོར་མངའ་རིས་སུ་བསྐྱོད”པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།ཀྲུང་གོའི་བོད་ལྗོངས་དྲ་བ། པད་མ་རྒྱལ་གྱིས་བསྒྱུར།

སྤེལ་དུས 2020-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
  འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་མཛུབ་སྟོན་བྱས་པ་དང་། མངའ་རིས་ས་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་ཤིང་། ཤིན་ཧྭ་གསར་འགྱུར་ཁང་གསར་འགྱུར་ཆ་འཕྲིན་ལྟེ་གནས་བོད་ལྗོངས་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི“དུས་རབས་གསར་པ་སྐད་གསེང་མཐོན་པོས་བསྒྲགས་ནས་འཐབ་ལམ་གསར་པར་བསྐྱོད། ཀྲུང་དབྱང་དྲ་རྒྱའི་གཙོ་རྒྱུག་སྨྱན་སྦྱོར་མངའ་རིས་སུ་སྐྱོད་པའི”དྲ་རྒྱའི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་སྤེལ་འགོ་ཚུགས་པ་རེད།
         ཐེངས་འདིའི་བྱེད་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་བརྗོད་དོན་བྱས་ཏེ། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་བཅས་ཕྱོགས་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་རེད།

འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རྣམ་པ་རེད།
      མངའ་རིས་ས་ཁུལ་གྱི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4500ལས་བརྒལ་བ་དང་། དེའི་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཀྲུང་དབྱང་གི་དམིགས་བསལ་གྱི་ཐུགས་ཁུར་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། བོད་སྐྱོར་སྤུན་ཟླའི་ཞིང་ཆེན་དང་། ཁ་གཏད་རོགས་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་ལ་སོགས་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་རྡོག་རྩ་གཅིག་སྒྲིལ་དང་། འབད་འཐབ་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་པ་དང་། བྱ་གཞག་སོ་སོ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པ་རེད།
      “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། མངའ་རིས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་གྱི་འཛུགས་སྐྱོང་སོགས་ཀྱི་ཐད་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཡོད”ཅེས་མངའ་རིས་ས་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་པས་བཤད་པ་དང་། ཐེངས་འདིའི་བྱེད་སྒོས་མངའ་རིས་བུ་ཕྲུག་རྣམས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་སྔར་བས་ཕྱིར་མངོན་པ་དང་། དུས་རབས་ཀྱི་རྔམ་བརྗིད་ལྡན་པའི་བརྗོད་དོན་གཙོ་བོ་སྔར་བས་སྐད་གསེང་མཐོན་པོས་བསྒྲགས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་འཐབ་ཀྱི་བློ་སྟོབས་ལ་སྐུལ་མ་བཏང་ནས། མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་གླེང་ཕྱོགས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་རེད།