ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གནས་མཆོག་བོད་ལྗོངས་ཏེ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་འགོ་བརྩམས།

སྤེལ་དུས 2020-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཇོ་མོ་གླང་མར་མཇལ་ནས། བོད་ལྗོངས་གསར་པ་ཤེས་སོང་། བརྙན་རིས་ཟིན་ཐོར་བཀོད་ནས། དུས་རབས་གསར་པར་རེག་ཡོད། ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཉེར་རོགས་བྱས་པའི“གནས་མཆོག་བོད་ལྗོངས་ཏེ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན”ལྷ་སར་འགོ་ཚུགས་པ་རེད། 

བྱེད་སྒོར་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམ་པས་མཉམ་དུ་གནས་མཆོག་བོད་ལྗོངས་ཏེ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་གྱི་འགོ་བརྩམས།
        སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་དེས“གནས་མཆོག་བོད་ལྗོངས་ཏེ་དུས་རབས་གསར་པར་རེག་མྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྒྱ་ཆེའི་བརྙན་པར་གསར་རྩོམ་མཁན་ཚོར་ཁ་ཕྱོགས་ཏེ་བོད་ལྗོངས་ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཚོན་པའི་ཕུལ་བྱུང་བརྙན་པར་བརྩམས་ཆོས་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་བཞིན་ཡོད་ལ། རྒྱ་ཆེའི་བརྙན་པར་གསར་རྩོམ་པ་མང་པོ་གདན་དྲངས་ནས་བྱེད་སྒོའི་ནང་ཞུགས་པ་དང་། པར་ཆས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་དུས་རབས་གསར་པའི་འཕོ་འགྱུར་ཟིན་ཐོར་འགོད་པ་དང་། འོད་དང་བརྙན་ལ་བརྟེན་ནས་འཛམ་གླིང་ཡང་རྩེའི་འབད་བརྩོན་གཏམ་རྒྱུད་བརྗོད་པ་དང་། བརྙན་པར་བརྒྱུད་ནས་གནས་མཆོག་བོད་ལྗོངས་འཕེལ་རྒྱས་ཀྱི་འཕར་རྩ་ལ་རེག་གིན་ཡོད།    
        གཅིག བྱ་དགའི་རྣམ་གྲངས་ཀྱི་བཀོད་སྒྲིག
        སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་ལ་པར་ལེན(འདྲ་པར)ཚན་པ་དང་བརྙན་ལེན་(བརྙན་འཕྲིན)ཚན་པ་གཉིས་སུ་བགར། ཚན་པ་རེ་རེར་ཚོ་ཆུངAདང་ཚོ་ཆུངBགཉིས་སུ་དབྱེ་ཞིང་། ཚོ་ཆུངAནི་སྤྱི་ཚོགས་ལས་རིགས་ཁག་གིས་རང་མོས་ངང་འགྲན་བསྡུར་ནང་ཞུགས་པའི་གསར་རྩོམ་མཁན་ཡིན་པ་དང་། ཚོ་ཆུངBནི་བརྙན་པར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་དམིགས་བསལ་གདན་ཞུ་བྱས་པའི་གསར་རྩོམ་མཁན་ཡིན་པས་ཚན་པ་གཉིས་ལ་ཁྱོན་བསྡོམས་བྱ་དགའ64བཀོད་སྒྲིག་བྱས་ཡོད། བྱེད་སྒོའི་ནང་ཚུད་པའི་བརྩམས་ཆོས་ཀྱི་གྲངས་ཀ64དེ་དཔྱད་འདེམས་ཨུ་ལྷན་གྱིས་ཁྱབ་ཁོངས་ནང་ཚུད་པའི་བརྩམས་ཆོས་ཁྲོད་གསེར་གྱི་བྱ་དགའི་བརྩམས་ཆོས4དང་། དངུལ་གྱི་བྱ་དགའི་བརྩམས་ཆོས་8དང་། ཟངས་ཀྱི་བྱ་དགའི་བརྩམས་ཆོས12ཡོད་པ་དང་། ཕུལ་བྱུང་བྱ་དགའི་བརྩམས་ཆོས40བཅས་གདམ་རྒྱུ་རེད། བརྙན་པར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་བྱ་དགའ་ཐོབ་མཁན་རྩོམ་པ་པོར་བྱ་དགའི་བུམ་པ་དང་། བྱ་དགའི་དངུལ། བྱ་དགའ་ཐོབ་པའི་དཔང་ཡིག་བཅས་སྤྲོད་རྒྱུ་རེད།

        གཉིས། འགྲན་ཞུགས་བྱེད་སྟངས། 
        འགྲན་བསྡུར་ནང་ཞུགས་མཁན་གྱིས་གཤམ་གསལ་གྱི་བྱེད་ཐབས་གཉིས་པོ་ལས་གང་རུང་ཞིག་བདམས་ནས་བརྙན་པར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་ལ་འགྲན་ཞུགས་བརྩམས་ཆོས་དང་དཔྱད་གཞིའི་ཡིག་རིགས་འབུལ་ཆོག་པ་སྟེ། 
        (1)སྦྲག་སྲིད་བརྒྱུད་ནས་བརྩམས་ཆོས་མྱུར་སྐྱེལ་བྱེད་པ། 
        འགྲན་ཞུགས་པས་སྦྲག་སྲིད་ཀྱི་མྱུར་སྐྱེལ་བྱེད་པའི་རྣམ་པ་བརྒྱུད་དེ་འགྲན་ཞུགས་བརྩམས་ཆོས་དང་རྒྱུ་ཆ་བསྐུར་ཆོག འདིར་འགྲན་ཞུགས་བརྩམས་ཆོས་ཀྱི་འོད་སྡེར་གཅིག་དང་། འགྲན་ཞུགས་དཔྱད་གཞིའི་འོད་སྡེར་གཅིག འགྲན་ཞུགས་པ་རང་ཉིད་ཀྱིས་མིང་རྟགས་འགོད་པ་མ་ཟད་ཆ་འཕྲིན་ཆ་ཚང་བའི《འགྲན་ཞུགས་རེ་ཞུའི་རེའུ་མིག》གཅིག་བཅས་ཚུད་དགོས། སྦྲག་སྲིད་མྱུར་སྐྱེལ་ཐོག“གནས་མཆོག་བོད་ལྗོངས་ཏེ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་གྱི་འགྲན་ཞུགས་བརྩམས་ཆོས”ཞེས་པའི་གསལ་པོར་འགོད་དགོས་པ་མ་ཟད་བསྐུར་གླ་འགྲན་ཞུགས་མཁན་རང་ཉིད་ནས་སྤྲོད་དགོས།  
        སྦྲག་སྲིད་ས་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིང་ལས་ཚན་རྩལ་ལམ་ཨང་7པ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་།
        བསྐུར་ཡིག་རྩིས་ལེན་མཁན། གནས་མཆོག་བོད་ལྗོངས་ཏེ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན། 
        དགེ་རྒན་ཝུའུ་ལགས།  17888005539      0891-6591918 
        (2)དྲ་ཐོག་ནས་བསྐུར་བ། 
        འགྲན་ཞུགས་པས་འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་དང་འབྲེལ་ཡོད་དཔྱད་ཡིག    དེ་བཞིན་ཆ་འཕྲིན་ཆ་ཚང་ཞིང་རང་ཉིད་ཀྱིས་མིང་རྟགས་བཀོད་པའི《འགྲན་ཞུགས་རེ་ཞུའི་རེའུ་མིག》བཅས་བཤེར་འབེབས་གསལ་པོ་བྱས་ཏེ་སྡུད་སྒྲིལ་ཡིག་ཆའི་རྣམ་པའི་ཐོག་ནས་བརྙན་པར་དུས་ཆེན་གྱི་གཞུང་ཕྱོགས་ཡིག་ཟམ་དུ་བསྐུར་ཆོག    (xizangyingxiangjie@163.com)  
        ཡིག་ཟམ་གྱི་ཁ་བྱང་ནི་ངེས་པར་དུ་གཤམ་གྱི་རྣམ་གཞག་ལྟར་འབྲི་དགོས་པ་སྟེ། རེ་ཞུའི་ཚན་པའི་མིང་དང་། རེ་ཞུའི་ཚོ་ཆུང་གི་མིང་། འགྲན་ཞུགས་བརྩམས་ཆོས་ཀྱི་མིང་། འགྲན་ཞུགས་བརྩམས་ཆོས་ཀྱི་རྣམ་པ། འབྲེལ་གཏུག་བྱ་ཡུལ་གྱི་མིང་། ལག་ཁྱེར་ཁ་པར་གྱི་ཨང་གྲངས་བཅས་འབྲི་དགོས། དཔེར་ན། “པར་ལེན་(འདྲ་པར)ཚན་པ+ཚོ་ཆུངA+《གནས་མཆོག་བོད་ལྗོངས》+ཡུལ་ལྗོངས་པར་ལེནབཀྲ་ཤིས་+178……ལྟར་ཡིན།”(རྒྱ་ཡིག་གིས་འབྲི་དགོས།)
        (3) ཟུར་བཀོད་རྒྱུ་ཆ། 
        འགྲན་བསྡུར་ནང་ཞུགས་མཁན་གྱིས་འགྲན་ཞུགས་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་སྐབས་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས། པར་ལེན་བརྩམས་ཆོས་སམ་ཡང་ན་བརྙན་ལམ་བརྩམས་ཆོས་ཀྱི་ཇུས་འགོད་བརྡ་ཁྱབ་དང་། གློག་བརྙན་གྱི་འདྲ་པར། གསར་གཏོད་པ། དེ་བཞིན་ཚོགས་པའི་ཉེ་དུས་ཀྱི་འཚོ་བའི་འདྲ་པར་སོགས་ཟུར་སྣོན་བྱེད་ཆོག
        གསུམ། འགྲན་ཞུགས་པས་ངེས་པར་དུ་ཤེས་དགོས་དོན།    
        1.འགྲན་ཞུགས་བརྩམས་ཆོས་ནི་ངེས་པར་དུ2019ལོའི་ཟླ10པའི་ཚེས1ཉིན་གྱི་རྗེས་སུ་གསར་རྩོམ་བྱས་པའི་བརྩམས་ཆོས་ཡིན་དགོས།
        2.བརྩམས་ཆོས་བསྡུ་མཚམས་འཇོག་པའི་དུས་ཚོད་ནི2020ལོའི་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད24:00(བསྐུར་ཡིག་རྩིས་ལེན་བྱས་པའི་སྦྲག་ཐེལ་ལམ་ཡང་ན་གློག་རྡུལ་ཡིག་ཟམ་བསྡུ་ལེན་བྱས་པའི་དུས་ཚོད་ཚད་གཞིར་འཛིན་རྒྱུ)བར་ཡིན།
        3.འགྲན་ཞུགས་བརྩམས་ཆོས་ངེས་པར་དུ་“གནས་མཆོག་བོད་ལྗོངས་ཏེ་དུས་རབས་གསར་པར་རེག་མྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ནང་དོན་ཡར་ཐོན་ཡོང་བའི་མཐུན་སྒྲིལ་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་སྣང་བརྙན་མངོན་ཐབས་བྱེད་དགོས། 
        4. འགྲན་བསྡུར་ནང་ཞུགས་མཁན་གྱིས་ངེས་པར་དུ་ཀྲུང་དབྱང་བརྙན་འཕྲིན་གྱིAPPཡི་“སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་དྲ་བའི་བརྙན་པར་དུས་ཆེན”གྱི་ཆེད་བསྒྲིགས་ལེ་ཚན་https:/m.yangshipin. cn/static/x/d00f8zq5w/index.html བརྒྱུད་ནས《འགྲན་ཞུགས་པའི་སྒྲིག་ཡིག》དང་《འགྲན་ཞུགས་པའི་རེ་ཞུའི་རེའུ་མིག》སོགས་འགྲན་ཞུགས་ཆ་འཕྲིན་ལེན་དགོས་པ་དང་། བྱེད་སྒོའི་བློ་འདྲི་བར་བརྙན་པར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་དགེ་རྒན་རོང་ལགས(ཁ་པར་ཨང་གྲངས། 13001039381)ལ་འབྲེལ་གཏུག་བྱེད་རོགས།