ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ངལ་ནུས་ཕྱིར་གཏོང་བྱས་པར་ཕན་འབྲས་ཐོན་ནས་བོད་ལྗོངས་མཁར་རྩེ་ཤང་གི་གྲོང་མིར་ཁེ་སྤོགས་ཐོབ།

སྤེལ་དུས 2020-11-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཁར་རྩེ་ཤང་ཤྭ་འོད་རོང་བཅོས་སྐྱོང་རྣམ་གྲངས་ལས་གྲྭའི་ལས་མིའི་གླ་ཆ་སྤྲོད་པ་དང་ངལ་ནུས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་མཛད་སྒོ་ས་གནས་དེ་གའི་གཙང་གཞུང་གྲོང་ཚོར་འཚོགས། ད་ཐེངས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོར་ཁྱོན་བསྡོམས་ལས་མིའི་གླ་ཆ་སྒོར1617832.09དང་ངལ་ནུས་ཁེ་སྤོགས་སྒོར39000བགོ་བཤའ་བརྒྱབ་ཡོད།

          གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཁར་རྩེ་ཤང་གི་ཤྭ་འོད་བཅོས་སྐྱོང་རྣམ་གྲངས་ལས་གྲྭའི་ལས་མིའི་གླ་ཆ་སྤྲོད་པ་དང་ངལ་ནུས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་མཛད་སྒོའི་་ཡུལ་དངོས།

          གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཁར་རྩེ་ཤང་གི་ཤྭ་འོད་བཅོས་སྐྱོང་རྣམ་གྲངས་ལས་གྲྭའི་ལས་མིའི་གླ་ཆ་སྤྲོད་པ་དང་ངལ་ནུས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་མཛད་སྒོའི་ཡུལ་དངོས།
          མཁར་རྩེ་ཤང་གི་ཤྭ་འོད་རོང་བཅོས་སྐྱོང་རྣམ་གྲངས་ལས་གྲྭའི་རྣམ་གྲངས་དེ2020ལོའི་ཟླ5པར་དངོས་སུ་ལས་འགོ་ཚུགས་ཤིང་། བཅོས་སྐྱོང་གི་ཁྱབ་ཁོངས་དེ་མཁར་རྩེ་ཤང་གི་གུར་མཆོག་གྲོང་ཚོ་ནས་མཁར་རྩེ་གྲོང་ཚོའི་བར་ཁྱོན་བསྡོམས་སྤྱི་ལེ12ཡོད་པ་དང་། ལས་གྲྭ་དེར་སྤྱད་པའི་ངལ་རྩོལ་ནུས་ཤུགས་ཚང་མ་རྣམ་གླིང་རྫོང་པེ་ཞིང་ངལ་ནུས་ཀུང་སི་མཁར་རྩེ་ཤང་ཡན་ལག་ཀུང་སིས་ས་གནས་དེ་ག་དང་དེ་བཞིན་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཁྲོད་ནས་བསྡུས་པ་དང་ཁྱོན་བསྡོམས་ལས་མི216ཡོད།
          གླ་ཆ་སྤྲོད་པའི་མཛད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་མང་ཚོགས་ཚང་མར་དགའ་སྤྲོའི་འཛུམ་མདངས་རྒྱས་ཤིང་། ཤར་ཕྱོགས་གྲོང་ཚོའི་གྲོང་མི་བློ་ལྡན་གྱིས་ང་དེ་སྔ་ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་ལས་ཀ་བྱེད་མྱོང་ཡོད། “དེ་གར་རང་ཁྱིམ་དང་ཐག་རིང་བས་སྤྱིར་བཏང་གི་ངལ་རྩོལ་ནུས་ཤུགས་བྱེད་པ་ལས་རྩལ་ནུས་མེད། སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ནས་ཤྭ་འོད་རོང་བཅོས་སྐྱོང་རྣམ་གྲངས་ས་ཚིགས་སུ་ལས་ཞུགས་བྱེད་པར་བསྐྱོད་པ་ནས་བཟུང་དུས་ཐོག་ཏུ་གླ་ཆ་ཐོབ་པ་མ་ཟད། མཉམ་ལས་ཁང་གིས་ད་དུང་ང་ཚོར་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང‘བཟོ་པས་གསོ་སྦྱོང་ལ་སྣེ་ཁྲིད་པའི’བྱེད་སྟངས་ལ་བརྟེན་ནས་རྩལ་ནུས་གསར་པ་ཡང་སྦྱངས་ཐུབ་ཡོད། ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་ཆབས་ཅིག་ཞིང་ལས་བྲེལ་བ་ཆེ་བའི་དུས་སུ་ཡང་ནང་ཁྱིམ་དུ་ལོག་ནས་རོགས་རམ་བྱེད་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་མཚམས་སྦྱོར་གནང་བ་རེད།
          ངལ་ནུས་ཕྱིར་གཏོང་བྱ་རྒྱུ་ནི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་འགག་རྩ་ཞིག་ཡིན་པས། རྗེས་ཕྱོགས་ས་གནས་འདི་གས་ད་དུང་རྣམ་གླིང་རྫོང་དཔལ་ཤིང་ངལ་ནུས་ཀུང་སི་མཁར་རྩེ་ཤང་ཡན་ལག་ཀུང་སི་དང་། ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་སོ་སོའི་འགན་ནུས་བརྒྱུད་དེ། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”གསོ་སྦྱོང་བྱེད་སྟངས་གསར་པ་ཁྱབ་གདལ་དུ་བཏང་ནས། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་རྩ་འཛུགས་ཅན་དུ་འགྱུར་ཚད་རིམ་བཞིན་མཐོ་རུ་བཏང་སྟེ“ལུས་ཤུགས་རྣམ་པའི་ཕྱིར་གཏོང་ནས་རྩལ་ནུས་རྣམ་པའི་ཕྱིར་གཏོང་བར”དང་། “ཁེར་གཉེར་ཕྱིར་གཏོང་རྣམ་པ་ནས་རྩ་འཛུགས་ཀྱི་ཕྱིར་གཏོང་རྣམ་པའི་བར”འགྱུར་ལྡོག་བྱུང་བར་ཤུགས་སྣོན་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། སྣང་རྡོར།