ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་འབྲི་རུ་རྫོང་གི་ས་བབ་མཐོ་ཤོས་ཀྱི་ལྭ་བ་བཟོ་གྲྭས་ལས་ཞུགས་མི150ལ་སྐུལ་ཁྲིད་བྱས།

སྤེལ་དུས 2020-11-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “བོད་རང་སྐྱོང་ལྗོངས་ཞིང་འབྲོག་པའི་ལས་ཞུགས་རྟེན་གཞི”དང་། “སྔོན་ཐོན་དམངས་གཉེར་ཁེ་ལས” “མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ” བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་གོའི་གྱོན་ཆས་མཐུན་ཚོགས་ཀྱི་ལས་འཛིན་སྡེ་ཚན”གཅིག་པུ་ལ་ཀྲུང་གོའི་རྒྱུ་སྤུས་ཞིབ་བཤེར་མཐུན་ཚོགས་ཀྱིས“ཀྲུང་གོའི་གྱོན་ཆས་ལས་རིགས་ཀྱི་རྒྱུ་སྤུས་སྔོན་ཐོན་གྱི་དཔེ་བཟང་ཁེ་ལས”ཞེས་མཚན་བསྩལ་ནས་གཟེངས་བསྟོད་བྱས།

ཐོན་སྐྱེད་འཁོར་ཁང་གི་རྣམ་པ །
          བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་བསྐྱོད་པ་ན། གྱང་ངོས་སུ་བཀལ་བའི་གཟི་བརྗིད་ཀྱི་མཚན་སྙན་རེ་རེས་དེའི་སྤྱིར་བཏང་མ་ཡིན་པའི་ཁྱད་ཆོས་གསལ་ལེར་མངོན་འདུག   འབྲི་རུ་རྫོང་མཁར་དང་བར་ཐག་སྤྱི་ལེ6དང་ཡོད་ཅིང་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4000ཙམ་ཡོད་པའི་གྱོན་ཆས་བཟོ་གྲྭ་འདིས་ལོ་གཅིག་གི་དུས་ཚོད་བེད་སྤྱད་ནས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི2100མངོན་འགྱུར་བྱུང་ཡོད་པ་རེད། 
          2020ལོའི་ཟླ4པའི་ཚེས10ཉིན་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་ནས་བཟུང་། འབྲི་རུ་རྫོང་གི་སྤྱི་པའི་ལས་རིགས་རྩལ་ནུས་ཀྱི་དངོས་སྦྱོང་རྟེན་གཞིར་བརྟེན་ནས་“ལས་རིགས་སློབ་གྲྭ་དང་། ཀུང་སི། ལས་ཞུགས་ཟུང་འབྲེལ”བཅས་ཀྱི་མཉམ་འབྲེལ་རྩལ་ནུས་ཀྱི་གསོ་སྦྱོང་བྱེད་སྟངས་སྤྱད་དེ། འབྲི་རུ་རྫོང་ལ་ལས་ཞུགས་ཀྱི་ལས་གནས150མཁོ་འདོན་བྱས་པ་དང་། ཐོན་ལས་ཀྱི་བཟོ་པ་མི་ཐེངས500ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། 

བོད་ལྗོངས་ཁྲང་རུང་ན་ཤིའུ་ལྭ་བ་བཟོ་གྲྭ་ཀུང་སིའི་སྤྱི་གཉེར་པ་ཡེ་ཝན་ཧྭ།
           “བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་དབང་གིས། སློབ་གྲྭའི་གྱོན་ཆས་ཀྱི་ཇུས་འགོད་དང་ཐོན་སྐྱེད་ཐད་དྲོད་སྲུང་དང་བཤིག་འཁྲུད་གཉིས་ཀར་སྟབས་བདེ་ཡོང་བ་བྱེད་དགོས་ཀྱི་ཡོད”ཅེས་བོད་ལྗོངས་ཁྲང་རུང་ན་ཤིའུ་ལྭ་བ་བཟོ་གྲྭའི་ཀུང་སིའི་སྤྱི་གཉེར་པ་ཡེ་ཝན་ཧྭ་ཡིས་དེ་ལྟར་བཤད། ཀུང་སིས་ཐོན་སྐྱེད་བྱེད་འགོ་བཙུགས་རྗེས། བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་སྒྲིག་ཆས་དང་། གྲངས་གཞི་ཅན། རང་འགུལ་ཅན་བཅས་ཀྱི་ཐོན་སྐྱེད་སྒྲུབ་རིམ་གཞི་ཁྱོན་ལྡན་པའི་གྱོན་ཆས་ཀྱི་ཁེ་ལས་ཐོག་མར་གྱུར་ཞིང་། ཇུས་འགོད་དང་ཐོན་སྐྱེད་ཀྱི་ཐད་ནས “ཕྲུ་གུ་ཚོ་སློབ་གོས་གྱོན་རྒྱུར་དགའ་བ”ཡི་རེ་བ་དེ་རྩ་བའི་ཆ་ནས་སྐོང་ཐུབ་པ་བྱུང་ཡོད། 

ཐོན་སྐྱེད་འཁོར་ཁང་གི་རྣམ་པ།
          འབྲི་རུ་རྫོང་གི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་གཞི་བཅོལ་ཏེ། ཀུང་སིས་སློབ་གྲྭའི་གྱོན་ཆས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་ཕུད། ད་དུང་ས་མཐོའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཁོར་ཡུག་དང་འཚམ་པའི་དབྱར་རྩྭ་དགུན་འབུ་དང་། གདོང་མཆོང་གྱོན་གོས། བོད་ལྭ་སོགས་ཀྱང་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། དེས་རིག་ནུས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཐོན་སྐྱེད་ཐོག་མར་མངོན་འགྱུར་བྱུང་། 

ཐོན་སྐྱེད་འཁོར་ཁང་གི་རྣམ་པ།
          ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་དབྱར་རྩྭ་དགུན་འབུ་འབོར་ཆེན་ཐོན་གྱི་ཡོད་ཅིང་། ལོ་རེར་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་སླེབས་སྐབས། ས་གནས་དེ་གའི་འབྲོག་པ་ཚོ་ཟླ་གཅིག་ལྷག་ཙམ་གྱི་རིང་ལ་བསྟུད་མར་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་གི་ཡོད་པས་གྱོན་ཆས་འཚམ་པོ་ཞིག་ཡོད་པ་ཧ་ཅང་གལ་ཆེན་པོ་ཡོད། རྟེན་གཞི་འདིས་ཐོན་སྐྱེད་བྱས་པའི་དབྱར་རྩྭ་དགུན་འབུའི་གྱོན་ཆས་སུ་ནཱ་སྨིའི་མཉམ་འདུས་ཀྱི་སྐྱི་མོ་དང་ཟྭ་དྲོད་གཏོང་བའི་ཁུ་ལུ་ནང་གི་མཁྲིས་པའི་རྒྱུ་ཆ་བཀོལ་བ་དང་། དེའི་ཁར་སྤྱིན་སྦྱར་འབྱར་བག་ཅན་གྱི་འཚེམ་སྦྱོར་ལག་རྩལ་བསྣན་ཏེ། “ཡང་ཞིང་སྟབས་བདེ་བ་དང་། ཆར་འགོག་ཐུབ་པ། དྲོད་སྲུང་བ། དབུགས་རྒྱུ་ཐུབ་པ”བཅས་ཀྱི་ཕན་ནུས་ཐོན་གྱི་ཡོད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་བསྔགས་བརྗོད་ཚད་མེད་ཐོབ་ཀྱི་ཡོད། 

འབྲི་རུ་རྫོང་གི་གྱོན་ཆས་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོ།

ཀུང་སིས་ཐོན་སྐྱེད་བྱས་པའི་བོད་ལྭ།
           “འབྲི་རུ་རྫོང་གི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་བརྟེན་པ་དང་། ལྷག་པར་དུ་སློབ་གྲྭས་ཆེད་དུ་འཛིན་གྲྭ་གསར་པ་ཞིག་བཙུགས་ནས་ལྭ་བ་བཟོ་བར་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་ཡེ་ཝན་ཧྭ་ཡིས་བཤད། འདིས་སློབ་མར་དངོས་སྦྱོང་སྦྱོང་བརྡར་གྱི་གོ་སྐབས་ཤིག་མཁོ་སྤྲོད་བྱས་ཡོད་པར་མ་ཟད། ཟླ་རེར་གླ་ཕོགས་ཀྱི་ཁ་གསབ་ཀྱང་ཡོད། སློབ་གྲྭ་ནས་མཐར་ཕྱིན་རྗེས་ཐད་ཀར་ལས་གནས་ཐོག་བསྐྱོད་དེ་ས་གནས་དེ་གའི་ལས་ཞུགས་ཐག་གཅོད་བྱ་བར་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་ཆོག 
          ས་བབ“མཐོ་ཤོས”ཀྱི་རིག་ནུས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་གྱི་ལྭ་བ་བཟོ་བའི་ཁེ་ལས་ཤིག་ཡིན་པའི་ཆ་ནས། འབྲི་རུ་རྫོང་གི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིའི་ཤེས་ལྡན་མི་སྣའི་ལེགས་ཆར་བརྟེན་ནས་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་དཔྱང་འགེལ་ཐོན་སྐྱེད་སྒྲུབ་རིམ2ཡོད་ཅིང་། དེས་ས་གནས་དེ་གའི “ས་ཕུ་ཞོལ་བའི”སྤུས་རྟགས་ཀྱི་བོད་ལྗོངས་ཁྲང་རུང་ན་ཤིའུ་ལྭ་བ་བཟོ་གྲྭའི་ཚད་ཡོད་ཀུང་སིའི་འཕེལ་རྒྱས་ཀྱི་འདུན་ལྗོངས་དེ་ཙམ་གྱིས་མི་ཚད་པ་གསོ་སྐྱོང་བྱས།  

    འདི་ནི་ཀུང་སིར་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་འབྲོག་ལས་རྩལ་ནུས་འགྲན་བསྡུར་ཆེ་མོའི་མི་མངོན་པའི་བྱ་དགའ་ཐོབ་པའི་རྣམ་པ་རེད། 
          དེང་ཕྱིན་ཆད་ཀྱི་འཕེལ་རྒྱས་ཁྲོད། “ལས་རིགས་སློབ་གྲྭ+ཀུང་སི+ལས་ཞུགས”ཀྱི་འཕེལ་རྒྱས་ཀྱི་རྣམ་པར་ད་རུང་འཚར་ལོངས་ཀྱི་བར་སྟོང་དེ་བས་ཆེན་པོ་ཞིག་ཡོད་པས། དུས་རིམ་གཉིས་པའི་ནང་སྒོར་ཁྲི5000ཡི་མ་དངུལ་བཞག་སྟེ “བྱང་ཐང་ཁྲང་རུང་གྱོན་ཆས་རིག་བཟོའི་རྟེན་གཞིའི” རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཟོས་ནས། མཇུག་མཐར་མི450ཡི་ལས་ཞུགས་ཐག་གཅོད་ཐུབ་སྟེ་ལོ་གསུམ་གྱི་ནང་བོད་རང་སྐྱོང་ལྗོངས་རིམ་པའི་མིང་གྲགས་ཆེ་བའི་ཚོང་རྟགས་སུ་བཟོ་བར་བརྩོན་ལེན་བྱ་རྒྱུ་རེད།
          དེ་ལས་གཞན། བོད་ཀྱི་ལག་ཤེས་བཟོ་ལས་པ་གདན་འདྲེན་ཞུས་ནས་གྱོན་ཆས་ཇུས་འགོད་ཀྱི་ནང་དུ་བོད་ཀྱི་རིག་གནས་ཀྱི་རྒྱུ་ཆ་བསྲེས་ཤིང་། གོས་ཆེན་གྱི་རྒྱུ་ཆ་བེད་སྤྱད་ནས་འབྲི་རུ་རྫོང་ས་གནས་དེ་གའི“རལ་པ”དང“སེང་གེའི་ཞབས་བྲོ”དང“སྟག་ཕུའི་གར”སོགས་ཀྱི་ལུགས་སྲོལ་དང་ཟུང་འབྲེལ་བྱས་ནས་བོད་ལྭ་དང་། འཁྲབ་སྟོན་གྱི་ལྭ་བ་ཆ་ཚང་གསར་བཟོ་བྱས་ཏེ།  ནག་ཆུ་གྲོང་ཁྱེར་ཞིང་འབྲོག་མང་ཚོགས་ཀྱི་འབྲོག་ལས་རྩལ་ནུས་འགྲན་སྡུར་ཆེན་མོའི་ཆེས་མངོན་མེད་ཀྱི་ནུས་པ་ལྡན་པའི་བྱ་དགའ་འཐོབ་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།