ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སུ་ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་བཏང་ནས། སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བ།

སྤེལ་དུས 2020-11-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། 2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་“ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་ལེགས་པར་མཇུག་བསྒྲིལ་བ་རེད། 

“ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ”ཞེས་པའི་བྱེད་སྒོའི་ཡུལ་དངོས།
          ད་ཐེངས་ཀྱི“ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་ཟླ11པའི་ཚེས4ཉིན་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྤེལ་འགོ་ཚུགས་ཤིང་། སློབ་གྲྭར་ཡོད་པའི་སློབ་ཆུང་སློབ་མ500ལྷག་ཙམ་ལ་དུས་ཡུན་ཉིན4ཡི་ལུས་རྩལ་གྱི་སྤྲོ་སྣང་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། སློབ་ཆུང་དུས་མཚམས་ཀྱི་བྱེད་སྒོ་མཇུག་བསྒྲིལ་ནས་ཡུན་རིང་མ་འགོར་བར་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་དང་། ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་བཅས་སོ་སོར་བྱེད་སྒོ་སྤེལ་བ་རེད། 

“ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ”ཞེས་པའི་བྱེད་སྒོའི་ཡུལ་དངོས།
          བྱེད་སྒོའི་འབྲེལ་ཡོད་ལས་དོན་མི་སྣས་བསྟན་དོན། ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ་ནི་གོམ་པ་དང་པོ་ཙམ་ཡིན། ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་སློབ་གྲྭའི་ནང་དར་སྲོལ་ཞིག་ཏུ་འགྱུར་བར་བྱེད་དགོས་ལ། སློབ་མ་ཚོར་གཟུགས་པོར་སྦྱོང་བརྡར་བྱེད་པའི་གོམས་གཤིས་ཡག་པོ་འཇགས་སུ་བཅུག་ནས་ལུས་སེམས་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་མཐའ་མའི་དམིགས་ཡུལ་ཡིན་ཞེས་བསྟན། 
དུས་ཡུན་ཉིན་གསུམ་གྱི་སློབ་འབྲིང་ས་ཚིགས་ཀྱི་བྱེད་སྒོའི་ཁྲོད། སློབ་གྲྭར་ཡོད་པའི་སློབ་འབྲིང་སློབ་མ300ལྷག་ཙམ་གསོ་སྦྱོང་དགེ་རྒན་གྱི་སྣེ་ཁྲིད་འོག་བསམ་གཞིག་རང་བཞིན་དང་། འགྲན་སློང་རང་བཞིན། སྤྲོ་སྣང་རང་བཞིན་བཅས་ལྡན་པའི་ལྗོངས་ཕྱིའི་རྒྱ་སྐྱེད་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་པ་རེད།

“ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ”ཞེས་པའི་བྱེད་སྒོའི་ཡུལ་དངོས།
          རྒྱ་སྐྱེད་གསོ་སྦྱོང་དགེ་རྒན་ཉི་མ་ཕུན་ཚོགས་ཀྱིས་གསར་འགོད་པར་བརྗོད་དོན། “ཐེངས་འདིའི‘ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་་གཏོང་བ’ཞེས་པའི་སློབ་འབྲིང་ས་ཚིགས་ཀྱི་རིམ་སྤེལ་བྱེད་སྒོའི་ཁྲོད། ང་ཚོས་གཅིག་ནས་ལུས་ཕུང་འགུལ་སྐྱོད་བྱེད་དགོས་པ་དང་གཉིས་ནས་ཀླད་པ་འགུལ་དགོས་པ། ཡང་གཅིག་ནས་རང་གི་ནུས་པར་བརྟེན་དགོས་པ་དང་གཉིས་ནས་མང་པོས་མཉམ་ལས་བྱས་ན་ད་གཟོད་ལེགས་འགྲུབ་འབྱུང་བའི་ལུས་རྩལ་སྦྱོང་བརྡར་རྣམ་གྲངས་ཇུས་འགོད་བྱས་པ་སྟེ། དཔེར་ན“རྔ་རྡུང་བ།”“བྲག་ལ་འཛེག་པ།”“ས་འོག་འགད་རྫས་ཀྱི་ཉེན་ཁར་བརྒྱུད་པ།” “མུ་ཏིག་ལེ་དབར་ཁྲིར་བསྐྱོད”བཅས་ཡོད་ཅིང་། སློབ་མ་རྣམས་སྦྱོང་བརྡར་རྣམ་གྲངས་འདི་དག་གི་ཁྲོད་དུ་ཞུགས་པ་ན། དེའི་བརྒྱུད་རིམ་ཁྲོད་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པར་མ་ཟད། ད་དུང་ཁོ་ཚོའི་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཐུབ་ལ། ཕྲུ་གུ་ཚོའི་བློ་སྟོབས་སྦྱོང་བརྡར་བྱེད་ཐུབ་པར་མ་ཟད། ཁོ་ཚོའི་ཕན་ཚུན་རོགས་རམ་བྱེད་པའི་ནུས་པ་ཡང་སྦྱོང་བརྡར་བྱེད་ཐུབ། 

བྱེད་སྒོ་མཇུག་རྫོགས་རྗེས་སློབ་མ་རྣམས་ཀྱིས་མཉམ་པར་བསྐྱོན་པ།
          ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་ཚོར་གཟུགས་པོ་སྦྱོང་བརྡར་བྱེད་པའི་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཉམ་དུ་འཕེལ་རྒྱས་ཡོང་བར་བྱ་རྒྱུ་དེ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།