དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོཌ་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

སྤེལ་དུས 2020-11-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཟླ་11ཚེས་21ཉིན་གྱི་དགོང་མོར་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
ཟླ་11ཚེས་21ཉིན་གྱི་དགོང་མོར་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
        ཚེས་21ཉིན་གྱི་དགོང་མོར་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུར་ཕེབས་པ་དང་འབྲེལ《ནུས་ཤུགས་ཡོད་རྒུས་རིམས་ནད་དང་འཐབ་ནས་མཉམ་དུ་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་ཞིང་། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཕྱོགས་མང་རིང་ལུགས་དང་། སྒོ་དབྱེ་བསྟུན་མཁས། གཉིས་ཕན་མཉམ་ལས། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་ནན་བཤད་གནང་བ་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ལ་མཆེད་བཞིན་པའི་ལོ་བརྒྱའི་རིང་ཚབས་ཆེ་ཤོས་ཀྱི་འགོ་ནད་ཀྱི་མདུན་དུ། རྒྱལ་ཁབ་ཉི་ཤུ་ཚོགས་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས། མིག་སྔར། རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་ལ། རྒྱལ་སྤྱིའི་རྣམ་པར་མགྱོགས་མྱུར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མ་ཟད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་སྣང་ཚུལ་ཁྱབ་ཆེ་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལའང་རྡབ་རྡེག་ཕོག་ཡོད། ངས་འདིར་རྒྱལ་ཁབ་ཉི་ཤུའི་ཚོགས་པས་གཤམ་གསལ་གྱི་ཕྱོགས་ཁག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
        གཅིག གོ་ལ་ཧྲིལ་པོའི་རིམས་ནད་འགོག་སྲུང་གྱང་བསྐྲུན་དགོས། དང་ཐོག་རང་ངོས་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་རྒྱལ་ཁབ་གཞན་ལ་རོགས་སྐྱོར་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐོན་ཁུངས་མཐུན་སྦྱོར་དང་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རིམས་འགོག་སྨན་ཁབ་འདྲ་མཉམ་དང་ནུས་ལྡན་ངང་བགོ་བཤའ་རྒྱག་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བེད་སྤྱོད་ཡོད་པ་དང་སྤྱོད་ཐུབ་པའི་སྤྱི་པའི་ཐོན་རྫས་ཤིག་ཏུ་འགྱུར་བ་བྱེད་འདོད་ཡོད། 
        གཉིས། འཛམ་གླིང་དཔལ་འབྱོར་འཁོར་སྐྱོད་ཀྱི་ལམ་བུ་ཤར་བགྲོད་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་བདེ་བླག་ངང་འཁོར་སྐྱོད་ཐུབ་རྒྱུ་སླར་གསོ་དང་། སྨན་བཅོས་དངོས་ཟོག་གལ་ཆེན་ཚོང་དོན་རང་མོས་ཅན་དུ་འགྱུར་རྒྱུར་གྲོས་བསྡུར། མི་སྣ་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱ་རྒྱུར་སྟབས་བདེ་བསྐྲུན་པ་བཅས་བྱེད་དགོས། རྒྱལ་ཁབ་དེ་བས་མང་བ་ཀྲུང་གོས་བཏོན་པ་དང་བཙུགས་པའི་བདེ་ཐང་ཨང་རྟགས་ཀྱི་རྒྱལ་སྤྱིའི་ཕན་ཚུན་ཁས་ལེན་ལམ་སྲོལ་ནང་ཞུགས་རྒྱུའི་རེ་བ་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་ཐད་སྟབས་བདེ་བསྐྲུན་པའི་ལམ་སྲོལ་ཅན་གྱི་མཉམ་ལས་ལས་དོན་སྤེལ་ནས་གོ་ལ་ཧྲིལ་པོའི་མཉམ་ལས་དྲ་རྒྱ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས།
        གསུམ། གྲངས་འཛིན་དཔལ་འབྱོར་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་དགོས། ཚན་རྩལ་གསར་གཏོད་དང་གྲངས་འཛིན་ཅན་གྱི་འཕོ་འགྱུར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། གྲངས་གཞིའི་བདེ་འཇགས་མཉམ་ལས་དང་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཁག་གི་ཚན་རྩལ་ཁེ་ལས་ལ་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་དགོས། གྲངས་འཛིན་དཔལ་འབྱོར་གྱིས་ལས་ཞུགས་དང་ཁྲལ་འབབ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཉམས་ཞན་ཚོགས་སྤྱིར་བསླངས་པའི་འགྲན་སློང་ཐག་གཅོད་བྱས་ནས་གྲངས་འཛིན་གྱི་ཧེ་བག་གསབ་དགོས།
        བཞི། དེ་བས་ཁོང་ཡངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་ནར་འགྱངས་བྱ་རྒྱུའི་གྲོས་འགོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། བུ་ལོན་ནར་འགྱངས་བྱ་རྒྱུའི་གྲོས་འགོའི་དུས་བཅད་རིང་དུ་གཏོང་རྒྱུའི་གཏན་འབེབས་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། དངོས་འབྲེལ་དཀའ་ངལ་ཡོད་པའི་རྒྱལ་ཁབ་ལ་བུ་ལོན་འགྱངས་ཆད་དང་བུ་ལོན་ཉུང་དུ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། བུད་མེད་རྣམས་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཐར་རྒྱུར་རོགས་རམ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་2025ལོར་སླར་ཡང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་ནས་རིམས་ནད་རྗེས་ཀྱི་དུས་རབས་ལ་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་གྲོས་འགོ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སང་ལོར་འཛམ་གླིང་གི་འབྲུ་རིགས་དབུ་ཚོགས་འཚོག་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་འབྲུ་རིགས་ཀྱི་གྱོང་གུན་ཆུང་དུ་གཏོང་བའི་ཚོགས་ཆེན་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཕྱོགས་མང་རིང་ལུགས་དང་། སྒོ་དབྱེ་བསྟུན་མཁས། གཉིས་ཕན་མཉམ་ལས། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་དགོས།
        གཅིག མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་བས་ནུས་ལྡན་གྱི་སྒོ་ནས་གོ་ལ་ཧྲིལ་པོའི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་། གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་མཐུན་སྦྱོར། ནུས་པ་དེ་བས་ཆེ་བ་འདོན་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་དགོས།
        གཉིས། དཔལ་འབྱོར་གོ་ལ་ཅན་གྱི་བཅོས་སྐྱོང་སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་དྲང་གཞག་གི་འགྲན་རྩོད་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་དངུལ་རྩའི་མ་ལག་ལ་མུ་མཐུད་སྒྱུར་བཅོས་བྱེད་པ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་བརྟན་དུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།
        གསུམ། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྒོ་དབྱེ་དང་། དྲང་གཞག གཞུང་དྲང་། མཐོང་ཆུང་མེད་པ་བཅས་ཀྱི་གྲངས་འཛིན་འཕེལ་རྒྱས་ཀྱི་ཁོར་ཡུག་མཉམ་དུ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་གྲངས་གཞིའི་བདེ་འཇགས་གྲོས་འགོ》བཏོན་ནས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་སྒྲིག་སྲོལ་འཚོལ་ཞིབ་དང་གཏན་འབེབས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་མི་ཐབས་རིག་ནུས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མི་ཐབས་རིག་ནུས་ཀྱི་རྩ་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། སྒོ་དབྱེ་དང་ཁོང་ཡངས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་གཏན་འཁེལ་བའི་གྲངས་འཛིན་དངུལ་ལོར་གྱི་ཚད་གཞི་དང་རྩ་དོན་འཚོལ་ཞིབ་བྱས་ནས་གཏན་འབེབས་བྱེད་དགོས།
        བཞི། གོ་ལའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་ཟོན་དང་ཁ་གཏད་གཅོག་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས། སང་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་དང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གོ་སྐབས་སུ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས་པའི་ཐད་ལ་ཀྲུང་གོ་ཕྱོགས་ཀྱིས་རེ་འབོད་བྱ་རྒྱུ་ཡིན།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་པ་དེས་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་མཐའ་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཚང་མ་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ་གླེང་མོལ་ལ་བརྟེན་ནས་འགལ་ཟླ་སེལ་བ་དང་གྲོས་མོལ་ལ་བརྟེན་ནས་རྩོད་གཞི་བསལ་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད།
        མཇུག་ཏུ་ཞི་ཅིན་ཕིང་གིས། ལང་ལོང་རླབས་གཤགས་ཁྲོད་དུ་འབད་འབུངས་མདུན་སྐྱོད་བྱེད། རིམས་ནད་ལས་རྒྱལ་ནས་དཔྱིད་དཔལ་བཞད་དུ་ངེས་ལ། རིམས་ནད་རྗེས་ཀྱི་དུས་རབས་ཀྱི་འཛམ་གླིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་ཐོན་ངེས་ཡིན། ང་ཚོས་མཉམ་དུ་ལག་གདངས་སྦྲེལ་ནས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        འདི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱིས་དབུ་ཚོགས་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་འགོ་ཁྲིད་མི་སྣ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
        འགོ་ཁྲིད་མི་སྣ་ཚོས་འདི་ལོའི་ཟླ་3པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་འཚོགས་ཚུན་གྱི་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། རིམས་ནད་ཀྱི་མདུན་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་རྒྱལ་ཁབ་ཉི་ཤུ་ཚོགས་པས་རྒྱལ་སྤྱིའི་རིམས་འགོག་དང་དཔལ་འབྱོར་སླར་གསོའི་ཐད་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པ་དང་། རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་ཆབས་ཅིག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྒོ་དབྱེ་བདེ་འཇགས་འགན་ལེན་བྱེད་དགོས་པ། རྒྱལ་ཁབ་ཉི་ཤུ་ཚོགས་པས་བུ་ལོན་ནར་འགྱངས་བྱ་རྒྱུའི་གྲོས་འགོ་མུ་མཐུད་ལག་བསྟར་བྱེད་དགོས་པ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་རྒྱབ་སྐྱོར། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བཅས་བྱས་ཏེ་ཐུན་མོང་ཐོག་སྒོ་དབྱེ་དང་། དྲང་གཞག མཐོང་ཆུང་མེད་པ་བཅས་ཀྱི་ཁོར་ཡུག་གཏོད་དགོས་པ། གྲངས་འཛིན་དཔལ་འབྱོར་དང་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་འཛམ་གླིང་འདི་ཉིད་དེ་བས་ངར་ཤུགས་ལྡན་པ་དང་། རྒྱུན་མཐུད། དོ་སྙོམས། ཁོང་ཡངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།