ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གློག་རྡུལ་ཚོང་དོན་གྱིས་བོད་ལྗོངས“ཉིང་ཁྲིའི་ཀུ་ཤུ”ཕྱིར་འཚོང་བྱེད་པར་རམ་འདེགས་བྱས།

སྤེལ་དུས 2020-11-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  དགུན་གྱི་དུས་འདིར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་བོན་རིའི་མཛེས་ལྗོངས་ཁུལ་སོགས་ཀྱི་གནས་སུ་རྒྱུན་པར་ས་གནས་དེ་གའི་མང་ཚོགས་ཀྱིས“རང་གིས་འདེབས་འཛུགས་བྱས་པའི་ཀུ་ཤུ་ཡིན། ཚང་མ་ཕེབས་ནས་བྲོ་བ་ཞིག་མྱོང་དང་། ཧ་ཅང་ཞིམ་པོ་ཡིན”ཞེས་རང་ཁྱིམ་གྱི་ཀུ་ཤུ་ཕྱིར་འཚོང་བྱེད་པའི་རྣམ་པ་མཐོང་ཐུབ་ཀྱི་ཡོད།
          ཟླ11པའི་ཚེས23ཉིན། རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྲོང་གསེབ་དུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་གྱི་བོད་ལྗོངས་ཁུལ་ཡོངས་སུ་རྣམ་གྲངས་སྐུལ་འདེད་གཏོང་བའི་ཉིང་ཁྲི་གྲོང་ཁྱེར་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་སྒོ་གསར་འབྱེད་དང་། གློག་རྡུལ་ཚོང་དོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེགས་བྱས་ཏེ “ཉིང་ཁྲིའི་ཀུ་ཤུ”ཅིང་ཏུང་བོད་ལྗོངས་དབུལ་སྐྱོར་ཁང་དུ་འཇོག་པའི་འགོ་བཙུགས་མཛད་སྒོ་དེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྤེལ་ཞིང་། “ཉིང་ཁྲིའི་ཀུ་ཤུས”ཀྱང་ཀྲུང་གོའི་ཁྱད་ལྡན་ཐོན་རྫས་བོད་ལྗོངས་དབུལ་སྐྱོར་ཁང་སོགས་ཀྱི་གློག་རྡུལ་ཚོང་དོན་ལ་བརྟེན་ནས་དངོས་སུ་ཕྱིར་འཚོང་བྱས་པ་རེད།

          འདི་ནི་གློག་རྡུལ་ཚོང་དོན་སྟེགས་བུའི་ཐོག་གི “ཉིང་ཁྲིའི་ཀུ་ཤུའི་སྐོར”ཕྱིར་འཚོང་བྱེད་པའི་བཅད་པར་རེད།
          མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་མཉམ་གཅིག་ཏུ་ཀུ་ཤུ་སྡོང་མགོ་ནས་བཏོག་པ་དང་། ཀུ་ཤུ་ཐུམ་སྒྲིལ་བྱེད་པར་བདེན་དཔང་བྱས་ཏེ། “ཉིང་ཁྲིའི་ཀུ་ཤུ”ཡུལ་དངོས་ནས་ཐད་ཀར་དུ་སྨན་གླིང་གནམ་གྲུ་ཐང་དུ་བསྐྱལ་ཞིང་།  དེར་ཁྲེན་ཏུའུ་དང་། པེ་ཅིང་། ཀོང་ཀྲོའུ་སོགས་ཀྱི་མདུན་གྱི་མཛོད་ཁང་དུ་དབོར་བ་རེད། “ཉིང་ཁྲིའི་ཀུ་ཤུ”རེ་རེས་ཀྱང “རྒྱང་བཞུད”ཀྱི་འགོ་བརྩམས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་བྱེད་པར་རམ་འདེགས་བྱེད་པ་དང་དུས་མཚུངས་སུ། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་འཛད་སྤྱོད་པར “གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད”ཀྱི་ཀུ་ཤུ་མངར་མོའི་བྲོ་བ་མྱངས་སུ་བཅུག 
          རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་དྲ་ཐོག་དྲ་ཕྱིའི་བྱ་བ་ཡག་པོར་བསྒྲུབ་ཆེད། ལྷ་སའི་ཅིན་ཡུན་དང་ཅིང་ཏུང་ཚོགས་པ་གཉིས་ཁྱོན་ཡོངས་ནས་མཉམ་ལས་བྱས་ཤིང་། ཅིང་ཏུང་ཟོག་འགྲེམས་ཀྱི་སྟོབས་ཆེའི་མཛོད་སྡེབ་གཞི་གཅིག་ཅན་གྱི་ནུས་པ་དང་ཅིང་ཏུང་སིལ་ཚོང་གི་དྲ་ཐོག་དྲ་ཕྱིའི་ལམ་ཡོངས་སུ་ཁྱབ་པའི་ཁྱད་ཆོས་ལ་གཞི་བཅོལ་ཏེ། སིལ་ཏོག་སོགས་ཀྱི་ཐོན་རྫས་སོས་པ་ལ་རིག་ནུས་མཁོ་སྤྲོད་འབྲེལ་ཐག་གིས་ཐག་གཅོད་བྱེད་པའི་ཇུས་གཞི་བཟོས་པ་རེད།
          རྗེས་ཕྱོགས་འབྲེལ་ཡོད་ཕྱོགས་ཀྱིས་ཀྱང་ལྷ་ས་དང་། ཉིང་ཁྲིའི་གྲོང་ཁྱེར་བར་བརྒལ་གྱི་མིང་བྱང་མཉམ་འབྲེལ་གྱིས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་། བོད་སྐྱོར་སྟེགས་བུ་དཔྱིད་གསར་དུས་ཆེན་སོགས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་ལག་བསྟར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་། ལྷག་པར་དུ་སིལ་ཏོག་སོགས་ལས་སྣོན་མ་བྱས་པའི་ཐོན་རྫས་ཕྱིར་འཚོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
རྩོམ་སྒྲིག་པ། སྣང་རྡོར།