ཟླ12པའི་ཚེས18ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རྣམ་གྲངས་ཀྱི་མིང་གཞུང་ཁག་ལྔ་པའི་འོས་སྦྱོར་རྣམ་གྲངས་ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། རྣམ་གྲངས337འོས་སྦྱོར་བྱས་པའི་ནང་རྣམ་གྲངས198གསར་དུ་བསྣན་པ་དང་རྣམ་གྲངས139རྒྱ་ཆེར་བཏང་ཡོད། བོད་ལྗོངས་ཀྱི་མགུར་གླུ་དང་། ཚ་ཚ་བཟོ་སྐྲུན་ལག་རྩལ། བྲོ་གཞས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་རྣམ་གྲངས13མིང་གཞུང་ནང་དུ་ཚུད་འདུག
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རྣམ་གྲངས་མིང་གཞུང་ཁག་ལྔ་པའི་འོས་སྦྱོར་རྣམ་གྲངས་ཀྱི་མིང་ཐོ།