དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་ གྲོང་ཁྱེར་ལྷ་ས་ ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་ཚོགས་འགོ་བརྩམས།

སྤེལ་དུས 2021-01-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས11ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་འཚོགས་འགོ་ཚུགས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ནི་ཉིན་དྲུག་ཡིན་པ་དང་། སྲིད་གྲོས་ཨུ་ཡོན200ལྷག་གིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།   སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པའི་འགན་ནུས་ལག་བསྟར་བྱས་ཏེ་བསམ་འཆར་དང་གྲོས་གཞི་བཏོན་ནས་ལྟ་དགོངས་གཅིག་མཐུན་གྱིས་གཅིག་སྒྲིལ་བྱས་པ་རེད།

         ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཡུལ་དངོས།

         ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཡུལ་དངོས།

         ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཡུལ་དངོས།
         ཉིན་དེའི་འགོ་ཚུགས་མཛད་སྒོའི་སྟེང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས་ཀྲུའུ་ཞི་དང་ཏང་ཙུའུ་ཧྲུའུ་ཅི་ཡོན་ཞོན་ཝང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ནས་ཚོགས་ཆེན་དུ་ལས་དོན་སྙན་ཞུ་ཕུལ་བ་རེད།
         ཡོན་ཞོན་ཝང་གིས་བཤད་རྒྱུར། རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་གནས་བབ་དང་། བཅོས་བསྒྱུར་བརྟན་ལྷིང་ངང་འཕེལ་རྒྱས་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ཧ་ཅང་ལྕི་བའི་རྣམ་པར་ཁ་ཕྱོགས་ཏེ། འདས་ཟིན་པའི2020ལོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྷག་བསམ་ཟོལ་མེད་ཀྱིས་ལས་འགན་བསྒྲུབས་ཏེ་འགན་འཁྲི་འཁུར་ཐུབ་ཅིང་འཇོན་ཐང་ལྡན་པའི་ངང་མི་དམངས་སྲིད་གཞུང་གི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།
         རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ལས་དོན་ཁྲོད། གྲོང་ཁྱེར་ལྷ་སའི་སྲིད་གྲོས་ཨུ་ཡོན60ལྷག་དང་། ཀྲུའུ་ཞི་ཚོགས་པའི་ཚོགས་མི་དྲུག་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པ་མི33ལྷག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཡུལ་སའི་མདུན་སར་མཆོངས་ཏེ། ཁོ་ཚོས་མེ་འཁོར་འབབ་ཚུགས་དང་། གནམ་གྲུ་ཐང་། མགྲོན་ཁང་གི་ཟུར་འཇོག་ཁང་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ལས་གནས་སུ་ལས་གནས་བརྟན་སྲུང་བྱས་ཏེ། བཀར་འཇུག་མི་སྣའི་མི་ཐེངས་ཁྲི150ལྷག་ཙམ་ཞབས་ཞུ་དང་དོ་དམ་བྱས་པ་རེད། གྲོང་ཁྱེར་ལྷ་སའི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་བསྡོམས་པས་སྒོར་ཁྲི1200ལྷག་དངོས་རྒྱུ་ཞལ་འདེབས་ཕུལ་བ་རེད།
         “དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས”དང་།  “གྲོང་གསེབ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས”“སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་ཉམས་མྱོང་བརྗེ་རེས”བཅས་ལ་དམིགས་ཏེ། སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་གྲོས་མོལ་འཚོགས་ཏེ། ཨུ་ཡོན་གྱིས་བསམ་འཆར་དང་གྲོས་འཆར་འདོན་པ་དང་སྲིད་འཛིན་སྡེ་ཁག་གིས་དོགས་སེལ་གྱི་འགྲེལ་བཤད་རྒྱག་པའི་ཕན་ཚུན་འབྲེལ་འདྲིས་བཟང་པོ་བྱས་པ་དང་། དམངས་གཙོའི་རྣམ་པ་དང་སྲིད་གྲོས་ཀྱི་ཕན་འབྲས་ནུས་ལྡན་སྒོས་ཟུང་འབྲེལ་ཡོང་བ་མངོན་འགྱུར་བྱས། དུས་མཚུངས་སུ། སྲིད་གྲོས་ཀྱི་ཨུ་ཡོན་ལ་ལས་ད་རུང་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་ཀྱི་ལྗང་སྒྱུར་མཐོར་འདེགས་ཀྱི་བཅོས་སྒྱུར་དང་། གྲོང་ཁྱེར་ལྷ་ས་མི་དམངས་སྨན་ཁང་གི་སྡོད་ཁང་རྒྱས་བསྐྲུན་སོགས་ཀྱི་དམངས་གཙོའི་གཙོ་གནད་རྣམ་གྲངས་ལ་རྟོག་ཞིབ་བྱས་ཏེ། ཨུ་ཡོན་གྱིས་འབྲེལ་ཡོད་ཕྱོགས་ལ་ཞིབ་འཇུག་ནན་ཏན་བྱས་ནས་བསམ་འཆར་དང་གྲོས་གཞི་བཏོན་ཏེ། གྲོས་མོལ་གྱི་གྲུབ་འབྲས་ནུས་ལྡན་སྒོས་གཞན་སྒྱུར་བེད་སྤྱོད་བྱས་ཐུབ་ཡོད་ཅེས་གསུངས།
         གྲོང་ཁྱེར་ལྷ་ས་ཡིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་གཏན་འབེབས་བྱེད་པའི་དུས་ཡུན་ནང་། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་ད་དུང་བཞུགས་མོལ་ཚོགས་འདུ་དང་། བསམ་འཆར་བསྡུ་ལེན་ཚོགས་འདུ། དྲ་ཐོག་གི་བསམ་འཆར་སོགས་ཀྱི་རྣམ་པ་བརྒྱུད་ནས་རྒྱ་ཆེར་ནང་ཞུགས་དང་གྲོས་འདོན་ཇུས་འབུལ་བྱས་པ་རེད།
         གྲོས་གཞིའི་ཐད་ནས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་ནས་བཟུང་། བསྡོམས་པས་གྲོས་གཞི109འབྱོར་བ་དང་། ཆེད་ཐོ་བཀོད་པ85ཡོད་ཅིང་། བསམ་འཆར་དང་གྲོས་གཞིར་བརྩིས་པ་གྲོས་གཞི24ཡོད། གྲོང་ཁྱེར་ལྷ་སའི་ཧྲི་ཀྲང་དང་། ལས་བགོས་འགན་གཉེར་གྱི་ཧྲི་ཀྲང་གཞོན་པས་ལྟ་སྐུལ་སྤྱི་འདོམས་བྱས་ནས་ལས་འགོ་བརྩམས་པའི་གྲོས་གཞི11ཡོད་ཅིང་། གྲོས་གཞི11པོའི་ལས་སྒྲུབ་ལན་བསྐྱོན་གནང་ཚད་དང་། ཨུ་ཡོན་གྱི་འཚམས་ལན་གནང་ཚད། ཡིད་ཚིམས་ཚད་ཚང་མ་100%རུ་སླེབས་ཏེ། གྲོས་གཞིའི་ལྟ་སྐུལ་སྤྱི་འདོམས་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་རེད།
         དེ་ལས་གཞན། 2020ལོའི་གཏན་ཁེལ་བྱུང་བའི་འཆར་གཞི་ལྟར། སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་རུང་གྲོང་ཁྱེར་ལྷ་ས་གྱི་རྫོང་དང(ཆུས)བརྒྱད་ཀྱི་ “འབག་བཙོག་དཀར་པོ་བཀག་འགོག”བྱས་པའི་གྲུབ་འབྲས་སྲ་བརྟན་དང་། ཆུ་བོ་དང་མཚེའུའི་དུས་ཡུན་རིང་པོའི་ལས་དོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ནས་འབད་པ་ཆེན་པོས“འབག་བཙོག་དཀར་པོ་བཀག་འགོག”དང་གད་སྙིགས་རིགས་དབྱེའི་ལས་དོན་སྙོམ་སྒྲིག་དང་སྐུལ་འདེད་གཏོང་བའི་རྣམ་པ་འཚོལ་ཞིབ་བྱ་རྒྱུ་རེད།
         ཡོན་ཞོན་ཝང་གིས་བསྟན་དོན། 2021ལོར་གྲོང་ཁྱེར་ལྷ་སའི་སྲིད་གྲོས་ལས་དོན་གྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ཏེ། མི་དམངས་སྲིད་གྲོས་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་གྲོས་མོལ་བྱེད་པའི་གལ་ཆེའི་ལམ་བུ་དང་ཆེད་དོན་གྱི་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་འབུལ་ཇུས་འདོན་དང་ལྟ་དགོངས་གོང་བུར་གཅིག་གྲིལ་གྱི་ཕྱོགས་གཉིས་པོའི་འདོན་ཤུགས་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་ལྷ་སའི “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྐུལ་འདེད་གཏོང་བར་འགོ་ཡག་པོ་འཛུགས་པ་དང་། གྲོང་ཁྱེར་ལྷ་ས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་རོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད། 
རྩོམ་སྒྲིག་པ། སྣང་རྡོར།