ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི1ནས་མི102ལ་ཏོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་བྱུང་བ།

སྤེལ་དུས 2021-01-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཚེས17ཉིན་གྱི་ཕྱི་དྲོར། ཅི་ལིན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། 
            ཚེས17ཉིན་གྱི་ཆུ་ཚོད14བར། ཅི་ལིན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ34དང་ནད་རྟགས་མེད་པའི་ནད་པ80བྱུང་བའི་སྐོར་གྱི་སྙན་ཞུ་ཕུལ་བ་རེད།  
            ནད་པ102ཚང་མ་ནི་ཕྱི་ནས་ནང་ལ་ལོག་པའི་ནད་པ་ལིན་ཆེ་གེ་མོ་བརྒྱུད་ནས་འགོས་ཁྱབ་བྱུང་བ་ཞིག་རེད། 

            ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་འགན་འཁུར་བས་བརྡ་ཁྱབ་བཏང་བར། ནད་ཡམས་རིག་པའི་བརྟག་དཔྱད་དང་ནད་དུག་གི་གཞི་རྒྱུའི་ཚོགས་པའི་གོ་རིམ་ཚད་ལེན་དབྱེ་ཞིབ་དང་ཟུང་འབྲེལ་བྱས་རྗེས། ཅི་ལིན་ཞིང་ཆེན་གྱི་ད་ཐེངས་ཀྱི་རིམས་ནད་མཆེད་ལམ་གསལ་པོ་བྱུང་བ་སྟེ། ཧེ་ལུང་ཅང་ཞིང་ཆེན་ཝང་ཁུའེ(望奎县)རྫོང་གི་ནད་རྟགས་མེད་པའི་ནད་པ་ཅི་ལིན་ཞིང་ཆེན་དུ་འབྱོར་རྗེས་ས་གནས་དེ་ག་ནས་ཁྱབ་པ་ཞིག་རེད། 
            མིག་སྔའི་སྙན་ཞུའི་ནང་གི་ནད་པ114ཡི་ཁྲོད་དུ་ནད་པ9ནི་ཧེ་ལུང་ཅང་ཞིང་ཆེན་ནས་ཡོང་བ་ཡིན་ལ། 105ནི་ས་གནས་དེ་གར་མུ་མཐུད་དུ་འགོས་ནས་བྱུང་བ་རེད། མུ་མཐུད་དུ་ནད་འགོས་པའི་ནད་པའི་ཁྲོད་དུ3ནི་ཅི་ལིན་ཞིང་ཆེན་ཕྱི་ནས་ཡོང་བའི་ནད་པའི་ཁྱིམ་མི་ཡིན་པ་དང་། དེ་མིན་མུ་མཐུད་ནས་ཁྱབ་པའི་ནད་པ102ནི་ཕྱི་ནས་ཡོང་བའི་ནད་པ་ལིན་ཆེ་གེ་མོ་བརྒྱུད་ནས་འགོས་ཁྱབ་བྱུང་བ་ཞིག་རེད། 
            ནད་པ་ལིན་ཆེ་གེ་མོས་སྒེར་གྱི་ཚོང་ལས་གཉེར་བཞིན་ཡོད་ལ། ཧེ་ལུང་ཅང་གི་མི་ཡིན། ཉེ་ཆར་ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་གཉིས་སུ་ཡར་མར་ལ་ཐེངས་མང་འགྲོ་འོང་བྱས་མྱོང་། འགུལ་སྐྱོད་ཀྱི་ཁྱབ་ཁོངས་ཅུང་རྒྱ་ཆེ་ཞིང་འབྲེལ་གཏུག་བྱས་པའི་མི་སྣ་ཡང་མང་། ཟླ་དང་པོའི་ཚེས6ནས་ཚེས11ཉིན་བར་ཀུང་ཀྲུའུ་ལིན(公主岭)གྲོང་ཁྱེར་དང་ཐུང་ཧྭ(通化)གྲོང་ཁྱེར་དུ་དར་མ་དང་རྒན་རྒོན་ལ་དམིགས་པའི་བྲིན་ཚོང་བྱེད་སྒོ་ཐེངས་4སྤེལ་ཟིན། ཅི་ལིན་ཞིང་ཆེན་དུ་ནད་པ་ལིན་ཆེ་གེ་མོ་ནི་ཝང་ཁུའེ་རྫོང་ནས་ཡོང་བའི་ནད་པ་ཡིན་པ་ཤེས་རྗེས། གྲོང་ཁྱེར་དེའི་ནང་གི་ཁོ་དང་འབྲེལ་གཏུག་ཟབ་པའི་མི་སྣར་གྲལ་བཤེར་བྱས་པ་བརྒྱུད་དེ་དུས་ཐོག་ཏུ་ཤེས་རྟོགས་བྱུང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།