ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རི་མོ་འདིས་ནུབ་ཕྱོཊ་ཀྱི་སྨྱན་སྦྱོར་ཁག་གཅིག་ལ་ལན་ཡག་པོ་བརྒྱབ་འདུག

སྤེལ་དུས 2021-01-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཚེས18ཉིན་སི་རི་ལན་ཁའི(驻斯里兰卡)ཀྲུང་གོའི་གཞུང་ཚབ་ཁང་གིས་ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་གསར་པ་ཞིག་ཁྱབ་བསྒྲགས་བྱས། དེ་རུ་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས་རང་རྒྱལ་གྱིGDPའཕར་ཚུལ་སྐོར་གྱི་གནས་ཚུལ་སྤེལ་བར་ལན་ཡག་པོ་བརྒྱབ་ཡོད།
          རྩོམ་ཡིག་དེའི་ནང་སི་རི་ལན་ཁའི(驻斯里兰卡)རང་རེའི་གཞུང་ཚབ་ཁང་གིས།
          ཀྲུང་གོའི2020ལོའིGDPའཕར་ཚད2.3%ཟིན་པ་ཁྱབ་བསྒྲགས་བྱས་ཡོད།
          འདིའི་སྐོར་ནས་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས། ཀྲུང་གོས་ལོ་ངོ40ཡི་རིང་གི་དཔལ་འབྱོར་འཕར་ཚད་དམའ་ཤོས་ཀྱིས2021ལོ་བསུས་པ་ཡིན་པས། ཀྲུང་གོ་ཉམས་རྒུད་དུ་འགྲོ་ལ་ཉེ་ཞེས་གནས་ཚུལ་སྤེལ་ཡོད། 
          གོང་གསལ་རྩོམ་ཡིག་ལ་ཁ་མཚར་རི་མོ་ཞིག་བཀོད་ཡོད་པ་ཧ་ཅང་མཚར་ཉམས་ལྡན། དེ་ཡང་དོམ་ཁྲ་ཆེན་མོ་ཞིག་གིས་དོམ་ཁྲ་ཆེན་མོ་གཞན་ཞིག་གི་ཁ་ཟུམ་ནས་སྐད་དམའ་མོས“རྩོད་གླེང་མ་བྱེད། ཐད་ཀར་ཁོ་ཚོ་ཆེས་ངར་བ་དེ་ཡིན་པ་ཁས་ལེན་བྱས་ན་འགྲིག་གི་རེད་ཟེར། 
          རྩོམ་ཡིག་འདི་སྤེལ་རྗེས་དྲ་གྲོགས་མང་པོ་ཞིག་གིས་སི་རི་ལན་ཁའི་(驻斯里兰卡)རང་རེའི་གཞུང་ཚབ་ཁང་གིས་དགག་ལན་སྐྱོན་པ་གནད་དུ་འཁེལ་འདུག་ཅེས་བསྔགས་བརྗོད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།