ལོ་གསར་ལ་འཚམ་འདྲི་བྱེད་སྟངས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་ལས། དེ་རིང་དམིགས་བསལ་གྱི་འཚམ་འདྲི་བྱེད་སྟངས་ཤིག་ངོ་སྤྲོད་ཞུ་གི་ཡིན།
བོད་ལྕགས་གླང་ལོའི་ལོ་གསར་ཚེས་གཅིག་ཉིན་འདམ་གཞུང་རྫོང་ཨུད་དང་། རྫོང་སྲིད་གཞུང་གིས་མི་༡༠༠ལོན་པའི་བོད་ཀྱི་ལོ་གསར་ལ་འཚམ་འདྲི་ཞུ་མཁན་བྱང་ཐང་གི་འཚམ་འདྲིའི་རུ་ཁག་ཅིག་བཙུགས་ནས། གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད་དེ། ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཞེས་པ་བརྗོད་གཞིར་བྱས་ཏེ་བོད་ཀྱི་ལོ་གསར་ལ་འཚམ་འདྲི་ཞུས་པ་རེད།
འཚམ་འདྲིའི་རུ་ཁག་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་། ཁང་དམར་དགོན་དོ་དམ་ཨུ་ལྷན། གྲོང་དཀར་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་དུད་ཁྱིམ། གནད་འཕིགས་དབུལ་སྐྱོར་གནས་སྤོས་ས་ཚིགས་བཅས་སུ་བསྐྱོད་དེ། འདམ་གཞུང་ཏང་ཨུད་དང་རྫོང་སྲིད་གཞུང་གིས་གཞི་རིམ་ཏང་རྩ་འཛུགས་ལ་ཐུགས་ཁུར་དོ་སྣང་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་རེ་བ་ནན་པོ་བཅངས་པ། རྒྱ་ཆེའི་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཐུབ་པར་སྨོན་འདུན་ཞུ་བ་བཅས་ཀྱི་ཐོག་ནས་ལོ་གསར་གྱི་འཚམ་འདྲི་དགའ་བ་འབུམ་གྱི་མྱོས་པ་ཞིག་བྱས་པ་རེད།
ཁང་དམར་དགོན་དུ་བརྒྱབ་པའི་མི་རིགས་མཐུན་སྒྲིལ་གྱི་མཉམ་པར།
གྲོང་དཀར་གྲོང་ཚོའི་བློ་བཟང་བསམ་གཏན་གྱི་ཁྱིམ་དུ་ལོ་གསར་ལ་རོལ་བཞིན་པ།
གནད་འཕིགས་དབུལ་སྐྱོར་ས་ཚིགས་སུ་གཞོན་དུས་འདམ་གཞུང་གནམ་ཐང་འཛུགས་སྐྲུན་ཁྲོད་ཞུགས་མྱོང་བ་དང་། རྒས་དུས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེམ་སློབ་གསོའི་ལས་དོན་ནང་ཞུགས་མྱོང་བའི་སྤོ་བོ་ནོར་རྒྱས་ལགས།
ཁང་དམར་ཆུ་ཚན་མགྲོན་ཁང་གི་ཐང་ཆེན་དུ་སྐྱིད་པའི་གར་ལ་རོལ་བཞིན་པ།
ལོ་གསར་གྱི་འཚམ་འདྲི་བརྒྱུད། ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པར་མ་ཟད། བྱང་ཐང་གི་སྲོལ་རྒྱུན་རིག་གནས་མ་ཉམས་དར་སྤེལ་གཏོང་བར་ནུས་པ་གང་ལེགས་ཐོན་ཡོད། སྒོས་སུ་འདམ་གཞུང་མི་དམངས་ཀྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་གཞི་གཅིག་ཏུ་འདུས་ཡོད།