མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་ནམ་ཡང་བརྗེད་མི་སྲིད།
སྤེལ་དུས 2021-02-20
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
མེས་རྒྱལ་གྱི་ནུབ་རྒྱུད་མཐའ་མཚམས་སུ། མཐའ་སྲུང་དཔོན་དམག་ཚོས་རང་ཉིད་ཀྱི་ལང་ཚོ་དང་། ཤ་ཁྲག མཐའ་ན་ཚེ་སྲོག་བཅས་ལ་བརྟེན་ནས་འགྱིང་ངེར་གནས་པའི་ས་མཚམས་ཀྱི་རྡོ་རིང་དེ་དང་། མེས་རྒྱལ་གྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་སྲུང་བཞིན་ཡོད། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་ཆི་ཧྥ་པའོ་ལ་རྒྱལ་སྲུང་མཐའ་སྲུང་གི་མདའ་དཔོན་དཔའ་བོ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་དང་། ཁྲེན་ཧུང་ཅུན་ལ་རྒྱལ་སྲུང་མཐའ་སྲུང་དཔའ་བོ་ཞེས་པའི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ། ཁྲེན་ཞང་རུང་དང་། ཤའོ་སི་ཡོན། ཝང་ཀྲུའོ་རན་བཅས་ལ་བྱས་རྗེས་རིམ་པ་དང་པོ་རྗེས་སྤྲོད་གནང་ཡོད།
ང་ཚོས་ཞི་བདེར་གཅེས་འཛིན་བྱེད་བཞིན་ཡོད། ང་ཚོར་གཞན་གྱི་ཅ་དངོས་ཁ་གང་སྐར་མ་ཙམ་ཡང་མི་དགོས་ལ། མི་སུ་ཞིག་དང་ཕྱོགས་གཏོགས་སུ་འདྲ་ཞིག་གིས་ཀྱང་ང་ཚོའི་མེས་རྒྱལ་གྱི་མངའ་ཁོངས་དང་བདག་དབང་ལ་བཙན་གནོད་གཏན་ནས་གཏོང་འཇུག་གི་མིན།
རྩོམ་སྒྲིག་པ། སྣང་རྡོར།