ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་དུང་ཕྱུར2ལས་བརྒལ་བ་བརྒྱབ་ཟིན་པ།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཧྥ་རན་སེའི་གསར་འགྱུར་ཁང་གིས་ཕ་རི་སི་ཡི་ཟླ2པའི་ཚེས20ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཧྥ་རན་སེ་གསར་འགྱུར་ཁང་གིས་ཚེས20ཉིན་གཞུང་ཕྱོགས་ཆ་འཕྲིན་ཡོང་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། གོ་ལ་ཧྲིལ་པོར་ཉུང་མཐར་ཡང་རྒྱལ་ཁབ་དང་ས་ཁུལ107ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་དུང་ཕྱུར2ལས་བརྒལ་བ་བརྒྱབ་ཟིན་པ་རེད།
          གནས་ཚུལ་སྤེལ་བར་གཞིགས་ན། དེའི་ནང་རྒྱལ་ཁབ་བདུན་གྱི་ཚོགས་པས(ཁོངས་མིའི་རྒྱལ་ཁབ་ནི་ཨ་རི་དང་། ཁ་ན་ཏ། དབྱིན་ཇི། འཇར་མན། ཧྥ་རན་སེ། དབྱི་ཐ་ལི། འཇར་པན།)རིམས་འགོག་སྨན་ཁབ་བརྒྱབ་པའི་གྲངས་འབོར་གྱིས45%ཙམ་ཟིན་པ་དང་། རྒྱལ་ཁབ་འདི་བདུན་གྱི་མི་འབོར་གྱིས་གོ་ལ་ཧྲིལ་པོའི་མི་འབོར་གྱི10%ལས་ཟིན་མེད་པ་རེད།  
          ད་དུང་། ཕྱོགས་ཆེ་ས་ནས་བརྗོད་ན། གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་གྱི92%ནི་འཛམ་གླིང་དངུལ་ཁང་གིས་གཏན་འཁེལ་བྱས་པའི“ཡོང་འབབ་མཐོ་བ”དང“ཡོང་འབབ་འབྲིང་ཙམ”གྱི་རྒྱལ་ཁབ་ཁག་ཏུ་བརྒྱབ་པ་རེད། རྒྱལ་ཁབ་འདི་དག་གི་མི་འབོར་གྱིས་གོ་ལ་ཧྲིལ་པོའི་མིའི་བསྡོམས་འབོར་གྱི་ཕྱེད་ཀ་ཙམ་བཟུང་ཡོད་ལ། འཛམ་གླིང་དངུལ་ཁང་གིས་གཏན་ཁེལ་བྱས་པའི“ཡོང་འབབ་དམའ་བའི”རྒྱལ་ཁབ29ཡི་ཁྲོད་ཇི་ནེ་ཡ་དང་རུ་ཝང་ཏ་ཁོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་བཙུགས་པ་རེད། 
          གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱིས་རིམས་འགོག་སྨན་ཁབ་བརྒྱབ་པའི་བསྡུར་གྲངས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མདུན་གྲལ་དུ་སླེབས་པ་དང་། མི་འབོར་ཕྱེད་ཀ་ཙམ་ལ་ཉུང་མཐར་ཡང་རིམས་འགོག་སྨན་ཁབ་ཐེངས་གཅིག་བརྒྱབ་ཟིན་པ་མ་ཟད། དབྱི་སི་རལ་རྒྱལ་ཁབ་ཀྱི་མི་འབོར་གྱི་སུམ་ཆ་གཅིག་གིས་སྲུང་སྐྱོང་གང་ལེགས་བྱེད་པར་མཁོ་བའི་རིམས་འགོག་སྨན་ཁབ་གཉིས་པ་བརྒྱབ་ཟིན་པ་རེད། 

རྩོམ་སྒྲིག་པ། བདེ་སྒྲོལ།