ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ཀྱི་གྲོས་རིམ་འདི་དག་རེད།

སྤེལ་དུས 2021-03-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།། རྩོམ་པ་པོ།
             སྤྱི་ཟླ་3པའི་ཚེས་1ཉིན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དེ་སྤྱི་ལོ་2021ལོའི་ཟླ་3པའི་ཚེས་4ཉིན་པེ་ཅིང་དུ་འཚོག་རྒྱུའི་ཐག་བཅད་ཡོད་པ་རེད།
             གྲོས་ཚོགས་ཀྱི་གྲོས་རིམ་ནི། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་ཐད་ཀྱི་སྙན་ཞུ་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཟུར་ཞུགས་བྱ་རྒྱུ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གསན་རྒྱུ་དང་གྲོས་བསྡུར་བྱ་རྒྱུ། གཞན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་ལ་གྲོས་བསྡུར་བྱ་རྒྱུ་བཅས་རེད།
རྩོམ་སྒྲིག་པ། སྣང་རྡོར།