དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོ།

སྤེལ་དུས 2021-03-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           སྤྱི་ཟླ་3ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཆིག་སྟོང་ལྷག་མཉམ་དུ་འཛོམས་ནས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་བླངས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོར་རྟེན་འབྲེལ་ཞུས་པ་རེད།

           སྤྱི་ལོ་1959ལོའི་ཟླ་3ཚེས་28ཉིན་ཙུང་ལི་ཀྲོའུ་ཨེན་ལེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཡོངས་བསྒྲགས་གནང་སྟེ་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱོད་པ་དང་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

           དུས་དེ་ནས་བཟུང་ལོ་ངོ་སྟོང་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་ཐོར་དུ་སོང་བ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་བ་རེད།

           སྤྱི་ལོ་2009ལོའི་ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་འདེམས་ཤོག་འཕངས་ནས་ལོ་རེའི་སྤྱི་ཟླ་3ཚེས་28ཉིན་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཏེ་ལོ་50ཡི་གོང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པར་དྲན་གསོ་ཞུས་ནས་རྒྱ་ཆེའི་ཞིང་བྲན་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཉིད་ཀྱི་ལས་དབང་རང་ཉིད་ཀྱིས་ཁ་ལོ་སྒྱུར་བའི་བདག་པོར་གྱུར་བར་དྲན་གསོ་ཞུ་བཞིན་ཡོད།

           གྲོང་མི་ཚེ་བརྟན་རྒོད་སྐྱེས་ཀྱིས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོ་འདིར་ང་ཚོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་བླངས་ནས་མེས་རྒྱལ་སྔར་བས་སྟོབས་འབྱོར་རྒྱས་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་འཆམ་མཐུན་བདེ་སྐྱིད་ཡོང་བའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།