ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དྭངས་གསལ་དུས་ཚིགས།

སྤེལ་དུས 2021-04-04 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          དྭངས་གསལ་དུས་ཚིགས་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་ཡ་གྱལ་ཞིག་ཡིན།  དེ་ནི་མི་རྣམས་ཀྱིས་མེས་པོ་རྣམས་ལ་མཆོད་འབུལ་བྱེད་པ་དང་།  སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་དུས་ཚིགས་ཤིག་ཡིན་པར་མ་ཟད།   ཀྲུང་ཧྭ་མི་རིགས་ཀྱིས་མེས་པོ་གོང་མ་ངོས་འཛིན་བྱེད་པ་དང་།   ཡབ་མེས་རྣམས་རྗེས་དྲན་བྱེད་པའི་དུས་ཚིགས་ཤིག་ཡིན། 

          དྭངས་གསལ་དུས་ཆེན་ལ་ད་བར་ལོ་ངོ་༢༥༠༠ལོ་རྒྱུས་ཡོད་ལ།   གནའ་དུས་སུ་སྔོ་གསོལ་དུས་ཚིགས་དང་།   ཟླ་གསུམ་པའི་དུས་ཚིགས།  མེས་པོར་མཆོད་འབུལ་བྱེད་པའི་དུས་ཚིགས། དྭངས་གསལ་དུས་ཚིགས་སོགས་འབོད་སྲོལ་དུ་མ་ཡོད།  དེ་ནི་དུས་ཚིགས་ཉེར་བཞིའི་གྲས་ཤིག་ཡིན་ལ།  དུས་ཚིགས་ཉེར་བཞིའི་ཡ་གྱལ་དང་།   དུས་སྟོན་ཀྱང་ཡིན་པ་ནི་དུར་ཕྱགས་དུས་ཆེན་གཅིག་བུ་ཡིན།

          ༢༠༡༣ལོར་དྭངས་གསལ་དུས་ཚིགས་ནི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་ཚུད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།