དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བུ་མོ་ཞིག་ལ་གཅར་རྡུང་བྱས་པའི་གནས་ཚུལ་སྐོར་གྱི་གསལ་བཤད།

སྤེལ་དུས 2021-04-06 ཡོང་ཁུངས། མཚོ་ལྷོ་ཚགས་པར། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཟླ4པའི་ཚེས4ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་རང་སློབ་གྲྭའི“20ལོའི་ཐང་གའི་འཛིན་གྲྭའི་ཁྱིམ་བདག་གི་སྐད་འཕྲིན་ཚོགས་པའི”ནང་དུ་སློབ་གྲྭ་དེ་གའི་སློབ་མའི་ཉལ་ཁང་ཞིག་ཏུ་བུ་མོ་ཞིག་གིས་བུ་མོ་གཞན་ཞིག་ལ་ཉེས་རྡུང་གཏོང་བའི་བརྙན་ཐུང་ཞིག་བརྒྱུད་གཏོང་བྱེད་པ་ཤེས་རྟོགས་བྱུང་འཕྲལ་དུ། ཁུལ་སློབ་གསོ་ཅུས་དང་མཉམ་དུ་མི་སྣ་སྒྲིག་འཛུགས་བྱས་ནས་སློབ་གྲྭར་གནས་ཚུལ་རྒྱུས་ལོན་བྱེད་པར་བསྐྱོད་དེ་འབྲེལ་ཡོད་མི་སྣའི་གནས་ཚུལ་རྒྱུས་ལོན་བྱུང་རྗེས་སུ་ཁོངས་གཏོགས་མངགས་གཏོང་ཁང་ལ་གྱོད་དོན་སྙན་སེང་ཞུས།
          ཐོག་མའི་བརྟག་དཔྱད་བྱས་པ་ལྟར་ན། བརྙན་ཐུང་དེའི་ཁྲོད་ཀྱི་དོན་རྐྱེན་དེ་བྱུང་བའི་དུས་ཚོད་ནི2021ལོའི་ཟླ3པའི་ཚེས6ཉིན་རེད། 2021ལོའི་ཟླ3པའི་ཚེས1ཉིན། ཁྲིམས་འགལ་དོགས་ཡོད་ཅན་སྒྲོལ་ཆེ་གེ་མོ(མོ། ལོ16། བྲག་དཀར་རྫོང་རྩི་སྐོར་ཐང་གྲོང་རྡལ་ནས་ཡིན། སྐབས་དེར་ཀོས་ནན་རྫོང་ལས་རིགས་ལག་རྩལ་སློབ་གྲྭ་འགྲིམ་རྒྱུའི་རེ་འདུན་ཞུ་བཞིན་ཡོད་པ་དང་། སློབ་གྲྭ་དེའི་སློབ་མའི་ཉལ་ཁང་བསྐྱར་སྐྲུན་བྱེད་མུས་ཡོད་པས་གནས་སྐབས་སུ་མཚོ་ལྷོ་ཁུལ་ལས་རིགས་སློབ་གྲྭ་རུ་བསྡད་ཡོད།)དང་། ཁྲིམས་འགལ་དོགས་ཡོད་ཅན་མཁའ་ཆེ་གེ་མོ(མོ། ལོ16། བྲག་དཀར་རྫོང་ཧོ་ཁ་གྲོང་རྡལ་བདེ་སྐྱིད་གྲོང་ཚོ་ནས་ཡིན་པ་དང་། ཀོས་ནན་ལས་རིགས་ལག་རྩལ་སློབ་གྲྭའི་20ལོའི་སློབ་སྔོན་སློབ་གསོའི་འཛིན་གྲྭའི་སློབ་མ་ཡིན།)དང་། གནོད་འཚེ་ཕོག་ཡུལ་ཀླུ་ཆེ་གེ་མོ(མོ། ལོ17། བྲག་དཀར་རྫོང་རྩི་སྐོར་ཐང་གྲོང་རྡལ་ནས་ཡིན་པ་དང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་20ལོའི་ཕྱུགས་ལས་སྨན་པ་འཛིན་གྲྭའི་སློབ་མ་ཡིན།)བཅས་དོན་ཆུང་ཙག་ཙིག་ལ་ཁ་རྩོད་ཤོར་ནས་སྒྲོལ་ཆེ་གེ་མོ་དང་མཁའ་ཆེ་གེ་མོས་ཀླུ་ཆེ་གེ་མོར་འཁོན་འཛིན་བཅངས་ཤིང་། ཟླ3པའི་ཚེས6ཉིན་གྱི་ཆུ་ཚོད8པ་ཙམ་ལ། སྒྲོལ་ཆེ་གེ་མོས་མཁའ་ཆེ་གེ་མོ་དང་ཕུན་ཆེ་གེ་མོ།(མོ། ལོ16། གསེར་ཆེན་རྫོང་ཆོས་སྐྱིད་ཤང་ནས་ཡིན་པ་དང་། ཁུལ་ལས་རིགས་སློབ་གྲྭའི་20ལོའི་བྱིས་སྐྱོང་འཛིན་གྲྭའི་སློབ་མ་ཡིན།) གནམ་ཆེ་གེ་མོ(མོ། ལོ18། བྲག་དཀར་རྫོང་འབྲོང་ཐེ་ཤང་ནས་ཡིན་པ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་20ལོའི་བྱིས་གསོ་འཛིན་གྲྭའི་སློབ་མ་ཡིན།) ཡེ་ཆེ་གེ་མོ(མོ། ལོ15། རྨ་སྟོད་རྫོང་རྨ་ཆུ་ཞང་ནས་ཡིན་པ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་20ལོའི་བྱིས་གསོ་འཛིན་གྲྭའི་སློབ་མ་ཡིན།)བཅས་ཁྲིད་ནས་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་བྱང་མའི་སློབ་མ་བུད་མེད་ཚོའི་ཉལ་ཁང་དུ་ཀླུ་ཆེ་གེ་མོ་བཙལ་ཏེ་འཛིང་རེས་བྱེད་དུ་སོང་། དེའི་རིང་ལ་སྒྲོལ་ཆེ་གེ་མོ་དང་མཁའ་ཆེ་གེ་མོས་ཀླུ་ཆེ་གེ་མོར་ཉེས་རྡུང་བཏང་བ་མ་ཟད་སྒྲོལ་ཆེ་མོ་ལ་དགོངས་དག་ཞུ་དགོས་པའི་རེ་བ་བཏོན། གནམ་ཆེ་གེ་མོ་དང་ཕུན་ཆེ་གེ་མོས་སྒྲོལ་ཆེ་གེ་མོའི་ཁ་པར་སྤྱད་དེ་གཅར་རྡུང་གི་བརྒྱུད་རིམ་བརྙན་དུ་བླངས།
          ཉིན་དེའི་ཞོགས་པར་ཉེས་རྡུང་མ་བཏང་གོང་དུ་ཉལ་ཁང་གི་དོ་དམ་པས་སུམ་ཐོག་ནས་སྐད་ཅོར་རྒྱག་པ་ཐོས་པས་དེ་མ་ཐག་ཏུ་བལྟ་རུ་ཕྱིན་པ་ན། སློབ་གྲོགས་ཚོས་ཁོ་ལ་གནས་ཚུལ་དངོས་གསང་ནས་མ་བཤད། ཉལ་ཁང་གི་དོ་དམ་པས་ཉལ་ཁང་ལ་ཞིབ་བཤེར་ཐེངས་གཉིས་པ་བྱེད་སྐབས་སུ། ཀླུ་ཆེ་གེ་མོ་ཉལ་ཁང་དུ་གཅིག་པུར་བསྡད་ཡོད་པ་དང་ཉལ་ཁང་གི་དོ་དམ་པས་ཀླུ་ཆེ་གེ་མོའི་གདོང་ལ་རྨ་ཡོད་པ་མཐོང་ནས་མོར་དོན་ཅི་ཞིག་བྱུང་བ་ཡིན་ཞེས་དྲིས་ཀྱང་ཀླུ་ཆེ་གེ་མོ་འཁོན་ལན་བསླག་པར་སྐྲག་སྟེ་རང་ཉིད་ས་ལ་འགྱེལ་པ་རེད་ཅེས་རྫུན་བཤད་དེ་ཉལ་ཁང་གི་དོ་དམ་པར་གནས་ཚུལ་སངོས་གསང་། ཟླ3པའི་ཚེས7ཉིན་གྱི་དགོང་མོའི་རང་སྦྱོང་སྐབས་སུ་འཛིན་བདག་གིས་ཀླུ་ཆེ་གེ་མོའི་གདོང་ལ་རྨ་ཡོད་པ་ཤེས་རྗེས་ཀླུ་ཆེ་གེ་མོར་གནས་ཚུལ་ཡང་ཡང་དྲིས་མོད། འོན་ཀྱང་ཀླུ་ཆེ་གེ་མོས་རང་ཉིད་ཀྱིས་སེམས་ཆུང་མ་བྱས་པར་ཐེམ་སྐས་ནས་ས་ལ་འགྱེལ་བ་རེད་ཅེས་ཟེར་ཞིང་། མོ་དང་ཉལ་ཁང་གཅིག་པའི་སློབ་གྲོགས་ཚོར་ཡང་སྦ་གསང་བྱས་ཏེ་འཛིན་བདག་ལའང་གནས་ཚུལ་ཇི་མ་ཇི་བཞིན་དུ་གསལ་བཤད་མ་བྱས། དེ་རྗེས་འཛིན་བདག་གིས་ཀླུ་ཆེ་གེ་མོའི་གཅེན་མོ་དང་འབྲེལ་བ་བྱས་ཏེ་ཀླུ་ཆེ་གེ་མོར་རྨས་སྐྱོན་ཕོག་པའི་གནས་ཚུལ་གླེང་བ་དང་འབྲེལ་སྨན་ཁང་དུ་སོང་ནས་ཐག་གཅོད་བྱེད་མིན་གྱི་གྲོས་ཀྱང་བྱས།  མོའི་ཨ་ཅེས་ཀླུ་ཆེ་གེ་མོའི་གདོང་ལ་སྐྱོན་ཆེན་པོ་མེད་པ་མཐོང་ནས“ལག་རས་ཀྱིས་ཀླན་པ་ཙམ་གྱིས་ཆོག་པས་སྨན་ཁང་དུ་འགྲོ་མི་དགོས”ཞེས་བཤད། དེ་རྗེས་འཛིན་བདག་གིས་དེ་ལྟར་བསྒྲུབས། གནོད་འཚེ་ཕོག་མཁན་ཀླུ་ཆེ་གེ་མོ་དང་དེའི་སློབ་གྲོགས་ཚོས་སྒྲོལ་ཆེ་གེ་མོས་འཁོན་ལན་བསླག་པར་སྐྲག་ནས་ཐོག་མཐའ་བར་གསུམ་དུ་སློབ་གྲྭ་དང་དགེ་རྒན་ལ་གནས་ཚུལ་ཇི་བཞིན་དུ་མ་བཤད་པས་སློབ་གྲྭས་དུས་ཐོག་ཏུ་ཤེས་མ་ཐུབ།
          དོན་རྐྱེན་འདིའི་ཐོག་ནས་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་རའི་བདེ་འཇགས་དང་། སློབ་མའི་ཁྲིམས་སྐྱོང་སློབ་གསོ། བསམ་བློ་ཀུན་སྤྱོད་སློབ་གསོ་སོགས་ཀྱི་ཐད་ནས་མི་འདང་ས་མང་པོ་ཡོད་པ་ཤེས་ཐུབ་ཅིང་། ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞིང་ཆེན་དང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་བརྙས་བཅོས་འགོག་པའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་འབྲེལ་ཡོད་བཀོད་སྒྲིག་ལྟར་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་སོ་སོ་ནས་གནས་ཚུལ་ཆ་ཚང་གྲལ་བཤེར་བྱས་ནས་མཉམ་འགུལ་དྲ་རྒྱ་ཇེ་བརྟན་དུ་གཏོང་བ་དང་། ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་གྲྭའི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
          མིག་སྔར་ཁྲིམས་འགལ་དོགས་ཡོད་ཅན་དག་སྤྱི་བདེ་ལས་ཁུངས་ཀྱིས་འབོད་འགུགས་བྱས་ནས་གྱོད་གཞི་འདི་ལ་མྱུལ་ཞིབ་བྱེད་བཞིན་པའི་སྒང་ཡིན།
                                                                                                     མཚོ་ལྷོ་ཁུལ་སློབ་གསོ་ཅུས།
                                                                                                2021ལོའི་ཟླ4པའི་ཚེས5ཉིན།