ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྨ་སྟོད་རྫོང་གི་ཡོམ་ལྟེ་དང་ཆེས་ཉེ་བའི་རྨ་ཆུ་ཞང་གི་སྡོད་དམངས་ས་ཚིགས་སུ་གནོད་སེལ་རྒུལ་སྐྱོབ་རོགས་ཀྱི་ལས་འགུལ་སྤེལ་བཞིན་པ།

སྤེལ་དུས 2021-05-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་རྒྱལ།

           2021ལོའི་ཟླ5པའི་ཚེས22ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད2དང་སྐར་མ4ཐོག་ཏུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་ཚད་རིམ7.4ཅན་ཞིག་བྱུང་ཞིང་། དེའི་ཡོམ་ལྟེ་ནི་རྨ་སྟོད་རྫོང་མཁར་དང་བར་ཐག་ཧ་ལམ་སྤྱི་ལེ39ཡོད་པ་དང་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4258ཡོད་པའི་རྨ་སྟོད་རྫོང་རྨ་ཆུ་ཞང་ཡིན།
 
           ས་ཡོམ་བྱུང་བའི་རྗེས་སུ།  མགོ་ལོག་ཁུལ་མེ་གསོད་སྐྱོབ་རོགས་རུ་ཁག་གིས་གནོད་འཚེ་ཚབས་ཆེན་གྱི་འཕྲལ་བསྟུན་སྐྱོབ་རོགས་སྔོན་ཇུས་ལག་བསྟར་བྱས་ཤིང་།  དུས་ཐོག་ཏུ་རྨ་སྟོད་རྫོང་མེ་གསོད་སྐྱོབ་རོགས་རུ་ཆེན་གྱི་རླངས་འཁོར3དང་མི15རྩ་འཛུགས་བྱས་ནས་ཡོམ་ལྟེ་རུ་བསྐྱོད་དེ་སྐྱོབ་རོགས་ལས་དོན་སྤེལ། 
 
          རྨ་སྟོད་རྫོང་མེ་གསོད་སྐྱོབ་རོགས་རུ་ཆེན་གྱི་སྐྱོབ་རོགས་མི་སྣ་ཞོགས་པའི་ཆུ་ཚོད7དང་སྐར་མ20སྟེང་དུ་རྨ་ཆུ་ཞང་གི་འབྲོག་སྡེར་སླེབས།  ས་ཡོམ་བྱུང་བས་ཁང་པ་ཁ་ཤས་བརྡིབས་ཡོད་ནའང་མི་ལ་རྨས་སྐྱོན་ཕོག་མི་འདུག  
 
           མགོ་ལོག་ཡན་ལག་རུ་ཁག་ས་ཡོམ་གནོད་འཚེའི་སྐྱོབ་རོགས་རུ་ཁག་ཆུང་བས་ཆུ་ཚོད4དང་ཕྱེད་ཀའི་རིང་ལ་སྤྱི་ལེ284བསྐྱོད་མཐར་ཆུ་ཚོད7དང་སྐར་མ25སྟེང་དུ་རྨ་སྟོད་རྫོང་མཁར་དུ་འབྱོར་ཞིང་།  སློབ་གྲྭ་དང་སྡོད་ཁང་།   དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཚིགས་སོགས་སུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་རྒྱུས་ལོན་དང་མི་སྣ་གནས་སྤོར་གྱི་ལས་དོན་སྤེལ། 
 
           མིག་སྔར་མེ་གསོད་སྐྱོབ་རོགས་རུ་ཁག་གིས་གནོད་འཚེའི་གནས་ཚུལ་རེ་རེ་བཞིན་སེལ་བཞིན་ཡོད་ལ།  མང་ཚོགས་གནས་སྤོར་དང་སྐྱོབ་རོགས་རས་གུར་ཕུབ་པ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།