ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཁྲོམ་གར་མནའ་འབྲེལ་ཚོགས་པ་དངོས་སུ་བཙུགས་པ།

སྤེལ་དུས 2021-06-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          སློབ་མ་ཚོས་ཁྲོམ་གར་འཁྲབ་སྟོན་བྱེད་བཞིན་པ།
          ཟླ6པའི་ཚེས5ཉིན། ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཁྲོམ་གར་ཨུ་ལྷན་བོད་རང་སྐྱོང་ལྗོངས་འབྲེལ་གཏུག་གཞུང་དོན་ཁང་དབུ་བརྙེས་པའི་ཚོགས་འདུ་དེ་ཚེས5ཉིན་ལ་ལྷ་སར་འཚོགས་པ་དང་། བོད་ལྗོངས་ཁྲོམ་གར་མནའ་འབྲེལ་ཚོགས་པ་དངོས་སུ་བཙུགས་པ་རེད།
          བོད་ལྗོངས་ཁྲོམ་གར་མནའ་འབྲེལ་ཚོགས་པའི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནམ་མཁའ་དབང་ཆེན་གྱིས་བསྟན་དོན། བོད་ལྗོངས་ནི་ས་ཆ་ཐག་རིང་དུ་ཡོད་པས། ཡར་སྔོན་ཁྲོམ་གར་རིག་གནས་ཐད་དུ་སྟོང་ཆ་ཞིག་ལྷག་ཡོད་མོད། 2004ལོར། གར་བོད་རྒྱལ་རབས་ཁྲོམ་གར་ཚོགས་པ་དངོས་སུ་བཙུགས་པ་དེས་བོད་ལྗོངས་སུ་ཁྲོམ་གར་བྱ་འགུལ་རྩ་འཛུགས་རང་བཞིན་ཅན་བྱུང་བ་མཚོན་ཞིང་། དེས་བོད་ལྗོངས་ཀྱི་ཁྲོམ་གར་རིག་གནས་ཀྱི་སྟོང་ཆ་བསྐངས་པར་མ་ཟད། མཐོ་སྒང་གི་ཁྲོམ་གར་རིག་གནས་འཕེལ་རྒྱས་སུ་འགྲོ་བར་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་གྱི་ཡོད། 

          བོད་རང་སྐྱོང་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཟླ་བ་ལྷ་མོས་ཤིས་ཚིག་སྤེལ་བའི་རྣམ་པ།
          ནམ་མཁའ་དབང་ཆེན་གྱིས་བཤད་རྒྱུར། ཁྲོམ་གར་རིག་གནས་བོད་ལྗོངས་སུ་དར་བ་དང་བསྟུན་ནས། ན་གཞོན་དེ་བས་མང་པོ་ཁྱིམ་ཚང་ཆེན་མོ་འདིའི་ནང་དུ་ཞུགས་ཏེ། བསྟུད་མར་གངས་ལྗོངས་ཚ་ནུས་དང་། TNTདང་།  LFourདང་།  Mixདང་།  Powerསོགས་ཁྲོམ་གར་ཚོགས་པ་བཙུགས་པ་རེད། ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་སུ་བསྟུད་མར་ཁྲོམ་གར་གྱི་གསོ་སྦྱོང་ལས་ཁུངས་མང་པོ་ཞིག་བཙུགས་ཏེ་ཁྲོམ་གར་གྱི་་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཤད།

          ཀྲུང་གོའི་ཞབས་བྲོ་མཁས་ཆེན་མཐུན་ཚོགས་ཁྲོམ་གར་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དང་། དྲུང་ཡིག་ཆེ་མོ་ཞ་རུའེ་ཡིས་ཤིས་ཚིག་སྤེལ་བའི་རྣམ་པ།
          གར་བོད་རྒྱལ་རབས་ཁྲོམ་གར་ཚོགས་པ་ནི་བོད་ལྗོངས་ཀྱི་ཁྲོམ་གར་རུ་ཁག་ཐོག་མ་ཡིན་ཞིང་། དེའི་ཚོགས་མི་བསྟན་འཛིན་འཇིགས་མེད་ཀྱིས་མཚམས་སྦྱོར་བྱས་དོན། 2004ལོར་གར་བོད་རྒྱལ་རབས་ཁྲོམ་གར་རུ་ཁག་བཙུགས་པ་དང་། ད་ལྟ་ཆེས་ཐོག་མའི་མི་ལྔ་ནས་མི་བཞི་བཅུ་ལྷག་ཏུ་འཕེལ་རྒྱས་བྱུང་ཡོད། 2006ལོར། རྒྱལ་ཡོངས་རང་བཞིན་གྱི་ཁྲོམ་གར་འགྲན་སྡུར་ཆེན་མོའི་ཁྲོད་དུ་ཨང་གཉིས་པ་བླངས་པ་དེས་མི་མང་པོ་ཞིག་ལ་བོད་ལྗོངས་ཁྲོམ་གར་གྱི་གཟུགས་བརྙན་མཐོང་དུ་བཅུག་ཡོད།

          བོད་ལྗོངས་ཁྲོམ་གར་མནའ་འབྲེལ་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནམ་མཁའ་དབང་ཆེན་གྱིས་ཤིས་ཚིག་སྤེལ་བའི་རྣམ་པ།
          རྒྱུས་ལོན་བྱུང་བ་ལྟར་ན།  ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཁྲོམ་གར་ཨུ་ལྷན་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ། གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ལྷན་སོགས་ཀྱི་ལས་ཁུངས་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁྲོམ་གར་མནའ་འབྲེལ་ན་གཞོན་འཐུས་མི་ཁག་ཅིག་མཉམ་གཅིག་ཏུ་ཐེངས་འདིའི་བྱ་འགུལ་ནང་དུ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།