ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་དེ་ལས་མང་བའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱ་དགོས་ཞེས་བསྟན།

སྤེལ་དུས 2021-06-08 ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན། རྩོམ་པ་པོ།
          ཚེས7ཉིན་གྱི་ཕྱི་དྲོར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིར་ཕེབས་ནས་ཐོན་སྐྱེད་འཁོར་ཁང་དང་།  ཇུས་འགོད་སྡེ་ཁག་ཏུ་ཐོན་རྫས་ཐོན་སྐྱེད་དང་ཇུས་འགོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་།  
          ཞི་ཅིན་ཕིང་གིས་བོད་ལུགས་ས་གདན་ནི་ཁྱད་ལྡན་ཐོན་ལས་ཤིག་ཡིན་པས་ཁྱེད་ཚོས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་བཟོ་རྩལ་ཟུང་འབྲེལ་ཡག་པོ་བྱ་རྒྱུ་དེ་རང་གཤིས་ཅན་དང་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་དང་མཐུན་པར་བྱ་དགོས། བོད་ལུགས་ས་གདན་ཐོན་ལས་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ཐོན་ལས་ཤིག་ཡིན་པ་དང་། དེར་དབུལ་ཐར་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་ལྡན་པར་མ་ཟད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ནུས་པའང་ལྡན་པ་རེད། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་དེ་བས་མང་བ་དང་འདི་ལྟ་བུ་འཕེལ་རྒྱས་བཏང་སྟེ། གསར་གཏོད་ལ་བརྟེན་ནས་དེ་བས་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུའི་བཀའ་མོལ་གནང་།

གཟིགས་ཞིབ་ཀྱི་ཡུལ་དངོས།

གཟིགས་ཞིབ་ཀྱི་ཡུལ་དངོས།

གཟིགས་ཞིབ་ཀྱི་ཡུལ་དངོས།

གཟིགས་ཞིབ་ཀྱི་ཡུལ་དངོས།

གཟིགས་ཞིབ་ཀྱི་ཡུལ་དངོས།

གཟིགས་ཞིབ་ཀྱི་ཡུལ་དངོས།
རྩོམ་སྒྲིག་པ།  རིག་གྲོལ།