ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་84སོང་རུང་། བརྗེད་མི་རུང་ལ།བརྗེད་མི་ཕོད་པའི་ལོ་རྒྱུས།

སྤེལ་དུས 2021-07-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ལོ་ངོ་84འདས་རུང་།
དེང་གི་པེ་ཅིང་ཝན་ཕིང་མཁར་གྱང་འོག་ཏུ་ལངས་དུས།
སྐབས་དེ་དུས་ཀྱི་མདེལ་ཁུང་སྔར་མུས་ལྟར་མཐོང་ཐུབ།
སྤྱི་ལོ་1937ལོའི་ཟླ་བ་7པའི་ཚེས་7ཉིན།
བདུན་བདུན་དུས་འགྱུར་ལངས།
ལོ་རྒྱུས་ཀྱི་རྨ་ཁ་དེར་བསྐྱར་བལྟ་བྱེད་དུས།
ཡིག་འབྲུ་རེ་རེ་དང་ཚིག་དུམ་རེ་རེའི་གསེང་ན།
རེག་མི་ཐུབ་པའི་རི་ཀླུང་གི་ཆག་གྲུམ་དང་།
བགྲང་མི་ཚར་བའི་མིག་ཆུ་དང་གདུངས་བས་ཁེངས།

ཀྲུང་གོའི་དམག་དཔུང་གིས་ལུའུ་ཀའུ་ཟམ་པར་འཇར་དམག་གི་ཚུར་རྒོལ་ལ་འགོག་རྒོལ་བྱེད་བཞིན་པ།
ད་ཆ།
ལོ་ཟླ་ནི་སྔ་ས་ནས་བར་ཆད་ཁྲོད་བུད་ཟིན།
རི་ཀླུང་ལ་ཆག་གྲུམ་མེད་ཅིང་།
རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད།
འོན་ཀྱང་།
ལོ་རྒྱུས་གཏིང་བརྗེད་དུ་བཏང་ན་རྒྱབ་འདོད་བྱས་པ་དང་དབྱེ་བ་མེད་པས།
ང་ཚོས་གོང་འཕེལ་བཏང་ན་རང་སྟོབས་འཕེལ་བ་དང་།
རང་སྟོབས་འཕེལ་ན་གཞི་ནས་ལ་རྒྱ་ལྡན་པ་གསལ་པོར་ཤེས་དགོས།

ལུའུ་ཀའུ་ཟམ་པའི་ཐོག་གི་རྡོ་སེང་།
  ལོ་རྒྱུས་སེམས་ལ་ངེས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ།
ཞི་བདེར་གཅེས་འཛིན་བྱེད།འབྱུང་འགྱུར་གསར་དུ་གཏོད།
རྩོམ་སྒྲིག་པ། བདེ་སྒྲོལ།