ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཛེས་ལྗོངས་ཟླ7པའི་ཚེས31ཉིན་བར་་་

སྤེལ་དུས 2021-07-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

          པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་བཅད་རིས།
          པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་བརྡ་ཁྱབ་བཏང་དོན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བདེ་བླག་ངང་འཚོགས་རྗེས། རྒྱལ་ཡོངས་ས་གནས་ཁག་གི་མང་ཚོགས་རྣམས་འཚང་ཁ་ཤིག་ཤིག་ངང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལྟ་སྐོར་ལ་ཡོང་ནས་རྟེན་འབྲེལ་ཚོགས་ཆེན་གྱི་མི་སེམས་འགུལ་བའི་གནས་ཚུལ་བསྐྱར་དྲན་བྱེད་བཞིན་ཡོད། དེ་བས་ལྟ་སྐོར་གྱི་དགོས་མཁོ་སྐོང་ཆེད་རྟེན་འབྲེལ་ཚོགས་ཆེན་ཡུལ་དངོས་ཀྱི་བཀོད་པ་འགྲེམ་སྟོན་བྱེད་པའི་དུས་ཚོད་ཟླ7པའི་ཚེས31ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་པས་རྒྱ་ཆེའི་ལྟ་སྐོར་བ་རྣམས་ཀྱིས་རང་ཉིད་ཀྱི་འགྲུལ་སྐྱོད་བཀོད་སྒྲིག་ལེགས་པོ་གནང་དགོས་ཞེས་འཁོད་ཡོད།
རྩོམ་སྒྲིག་པ། སྣང་རྡོར།