ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨ་རིའི་གཞུང་ཚབ་ཁང་ལ་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་པ།

སྤེལ་དུས 2021-07-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
         ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རག་དམག་ཕྱོགས་ཀྱིས་ཨ་རིའི་པ་ཀི་ཏ་ གཞུང་ཚབ་ཁང་ལ་མེ་ཤུགས་འཕུར་མདེལ་གསུམ་གྱིས་འཇབ་རྒོལ་ཐེབས་པ་རེད་ཅེས་བཤད།

         ཧྥ་རན་སིའི་གསར་འགྱུར་ཁང་གི་ཐུའེ་ཐི་བཅད་རིས།
         གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རག་དམག་ཕྱོགས་ཀྱིས་མེ་ཤུགས་འཕུར་མདེལ་གསུམ་ས་གནས་དེ་གའི་དུས་ཚོད་ཚེས8ཉིན་གྱི་ཐོ་རེངས་སུ་ཨ་རིའི་པ་ཀི་ཏ་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་ལྷུང་ཞིང་། ཧྥ་རན་སིའི་གསར་འགྱུར་ཁང་གི་གསར་འགོད་པསC-RAM འགོག་སྲུང་མ་ལག་མཚན་མོར་སྤྱད་འགོ་ཚུགས་པ་མཐོང་། དབྱི་དམག་ཕྱོགས་ཀྱིས་ད་དུང་འཕུར་མདེལ་དེ་དག་ཨ་རིའི་གཞུང་ཚབ་ཁང་ལ་ཕོག་མེད་ཀྱང་པ་ཀི་ཏའི་དོགས་ཟོན་གྲ་སྒྲིག་དམ་པའི“ལྗང་ཁུལ”ཉེ་འགྲམ་ས་ཁུལ་ལ་ཕོག་འདུག་ཟེར།

ཨ་རིའི་དབྱི་རག་གི་པ་ཀི་ཏ་གཞུང་ཚབ་ཁང་།
         དེའི་གོང་གི་ཉིན་ཞིག་ལ་དབྱི་རག་ནུབ་རྒྱུད་ཀྱི་ཨ་རིའི་དམག་དཔུང་ཨ་ས་ཏི་མཁའ་དམག་རྟེན་གཞིར་མེ་ཤུགས་འཕུར་མདེལ་གྱིས་འཇབ་རྒོལ་ཐེངས14ཐེབས་ནས་མི3ལ་རྨས་སྐྱོན་ཕོག་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།