ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཛམ་གླིང་སྟེང་གི་གཟུགས་པོ་ཆེས་ཆེ་བའི་རྟ་མཆོག་ཚེ་ལས་འདས།

སྤེལ་དུས 2021-07-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
      མཐོ་ཚད་ལ་སྨི2ལྷག་གི་གཟུགས་པོའི་མཐོ་ཚད་ཀྱིས་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད་པའི་རྟ་དེ། ཉེ་ཆར་ཨ་རིའི་ཝེ་སི་ཁང་ཞིན་མངའ་སྡེའི་ཞིང་ར་ཞིག་ནས་ཚེ་ལས་འདས་ཤིང་།  རྟ་དེ་ད་ལོ་ལོ་ཉི་ཤུར་སོན་པ་རེད།

      རྟ་དེའི་མིང་ལ“ཅེ་ཁེ་ཆེན་པོ”ཞེས་ཟེར་བ་དང་།  གཟུགས་པོའི་མཐོ་ཚད་ལ་སྨི2.1ཙམ་དང་ལྗིད་ཚད་ལ་སྟོང་ཁེ1134ཡོད། 2010ལོར་གཟུགས་པོ་ཆེ་ཤོས་ཀྱི་རྟ་ཡིན་པའི་ཆ་ནས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད། ཚེས5ཉིན་ཨ་རིའི་མཉམ་འབྲེལ་ཁང་གིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་བརྒྱུད་ནས་རྟ་བདག་ལ་འབྲེལ་བ་བྱས་རྗེས་རྟ་དེ་ཕལ་ཆེར་གཟའ་འཁོར་གཉིས་ཀྱི་སྔོན་དུ་འདས་སོང་ཟེར།
      ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་དྲ་ཚིགས་ནས་མཚམས་སྦྱོར་བྱས་པར་གཞིགས་ན། རྟ་དེ་ནེ་པུའུ་ལ་སི་ཅ་མངའ་སྡེ་ནས་བཙའ་སྐབས་ལྗིད་ཚད་ལ་སྟོང་ཁེ109ཡོད་པ་དང་རིགས་གཅིག་པའི་རྟེའུ་ལས་ལྗིད་ཚད་སྟོང་ཁེ45ཙམ་གྱིས་ལྕི།  འོན་ཀྱང་སྔར་བཞིན་རྒྱུན་གཏན་གྱི་ཁྱབ་ཁོངས་སུ་གནས་ཡོད། རྟ་འདིའི་ཕ་མ་གཉིས་ཀྱི་གཟུགས་པོ་ནི་སྤྱིར་བཏང་བ་ཞིག་ཡིན།
      “ཅེ་ཁེ་ཆེན་པོ”ལོ3ལ་སླེབས་སྐབས་རྟ་བདག་ཅེ་ལི་ཅིར་པོ་ཐེས་ཉོས་ནས་ཁྱིམ་དུ་ལོག་སྟེ་ཁོང་ལ་ལས་ཀ་བྱེད་རོགས་བྱས་པ་དང་། 2013ལོར“ལས་འཁྱུར་ངལ་གསོ”བྱས། འོན་ཀྱང་རྟ་དེར“འཛམ་གླིང་ཐོག་གི་རྟ་ཆེ་ཤོས”ཞེས་པའི་ཅི་ཉི་སིའི་མཚན་སྙན་ཐོབ་རྗེས་སྐད་གྲགས་ཆོད་ནས་ལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
རྩོམ་སྒྲིག་པ། སྣང་རྡོར།