ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞན་གྱིས་རྐུ་ཁྱེར་བྱས་པའི་གཅེས་ནོར་ཕ་ཡུལ་དུ་ལོག་བྱུང་།

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཁྱེད་ཀྱིས་ད་ལོའི་ལོ་གསར་དགོང་ཚོགས་སུ་བསྟན་པའི་སྟོན་པའི་དབུ་དེ་དྲན་ནམ། ཟླ7པའི་ཚེས24ཉིན། ཐེན་ལུང་རི་བོའི་བྲག་ཕུག་གི་སྟོན་པའི་དབུ་དེ་ཕ་ཡུལ་ལ་ཕྱིར་ལོག་པའི་མཛད་སྒོ་ཧྲན་ཞི་ཐའེ་ཡོན་ནས་སྤེལ་ཞིང་། ན་ནིང་མེས་རྒྱལ་གྱི་པང་དུ་ལོག་པའི་རྒྱལ་ཁབ་ཀྱི་གཅེས་ནོར་དེ་ཐེན་ལུང་རི་བོའི་བྲག་ཕུག་ཏུ་ལོག་ནས་ཡང་བསྐྱར་ཕ་ཡུལ་གྱི་ཡུལ་ལྗོངས་མཐོང་བྱུང་།

ཐེན་ལུང་རི་བོའི་བྲག་ཕུག་བརྒྱད་པའི་བྱང་ལྡེབས་ཀྱི་གཙོ་སྐུ་སྟོན་པའི་དབུ།
          སྟོན་པའི་དབུ་དེ་ནི་ཐེན་ལུང་རི་བོའི་བྲག་ཕུག་བརྒྱད་པའི་བྱང་ལྡེབས་ཀྱི་སྐུ་འདྲ་ལས་བྱུང་བ་ཡིན་ཞིང་། 1924ལོའི་སྔ་རྗེས་སུ་གཞན་གྱིས་རྐུ་འཕྲོག་བྱས་པ་རེད། 2020ལོའི་ཟླ12པར་སྟོན་པའི་དབུ་བདེ་འཇགས་ངང་ཕྱིར་ལོག་པ་ནི་ཉེ་བའི་ལོ་བརྒྱའི་རིང་འཇར་པན་ནས་མེས་རྒྱལ་གྱི་པང་དུ་ལོག་པའི་ཐེན་ལུང་རི་བོའི་བྲག་ཕུག་ལས་བོར་བའི་སྟོན་པའི་སྐུ་བརྙན་ཐོག་མ་དེ་རེད།

3Dབསྐྱར་དཔར་ལག་རྩལ་བཀོལ་ནས་ཐེན་ལུང་རི་བོའི་བྲག་ཕུག་བརྒྱད་པ་སླར་གསོ་བྱུང་བ།
          ད་རེས་ཀྱི་སྟོན་པའི་དབུ་ཐེན་ལུང་རི་བོའི་བྲག་ཕུག་ཏུ་ཕྱིར་ལོག་བྱས་ཀྱང་སྟོན་པའི་སྐུ་ཡི་ཆ་ཤས་ལ་རང་བྱུང་གི་བསླད་སྐྱོན་ཕོག་པས་སྟོན་པའི་དབུ་དེ་སངས་རྒྱས་ཀྱི་སྐུ་ངོས་སུ་སྦྱོར་ཐབས་མེད། དེ་བས་ཚེས24ཉིན་སྤེལ་བའི“བསྐྱར་དར་ལམ་བུའི་ཐོག་གི་རྒྱལ་ཁབ་ཀྱི་གཅེས་ནོར་ཕྱིར་ལོག་པ”ཞེས་པའི་དམིགས་བསལ་འགྲེམ་ཁུལ་དུ་འགྲེམ་སྟོན་བྱས་པ་རེད། “ལྟད་མོ་བ་ཚོས་སྟོན་པའི་དབུ་ཡི་ཐོག་མའི་གནས་ཡུལ་ནས་དབུ་བརྙན་འདི་མཐོང་ཐུབ་ཚེ་མྱོང་ཚོར་དེ་བས་ཟབ་མོ་འབྱུང་སྲིད་ལ། ཐེན་ལུང་རི་བོའི་བྲག་ཕུག་སྒྱུ་རྩལ་ཡང་དེ་བས་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་ཐུབ།”ཐེན་ལུང་རི་བོའི་བྲག་ཕུག་རྟེན་མཛོད་ཁང་གི་འགོ་གཙོ་ཡུས་ཧའོ་ཡིས“མ་འོངས་པར་ང་ཚོས་འབྲེལ་ཡོད་ཀྱི་སྲུང་སྐྱོང་དང་ཞིབ་འཇུག་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་བཤད། 
རྩོམ་སྒྲིག་པ། བདེ་སྒྲོལ།