ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སུMcDonald'sཟ་ཁང་ཐོག་མ་དེ་བཙུགས་པ།

སྤེལ་དུས 2021-08-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན། McDonald'sབོད་རང་སྐྱོང་ལྗོངས་ཀྱི་ཟ་ཁང་ཐོག་མ་སྟེ་ལྷ་ས་གྲོང་ཁྱེར་McDonald'sབར་སྐོར་ཚོང་གྲོང་གི་ཟ་ཁང་གཟབ་རྒྱས་ངང་སྒོ་ཕྱེ་བ་རེད།  

སྒོ་འབྱེད་མཛད་སྒོའི་ཡུལ་དངོས། 

ཟ་ཁང་གི་གཞོགས་སྒོ། 

ཟ་ཁང་གི་གཞོགས་སྒོའི་མཚན་ལྗོངས། 
        ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་ས་གྲོང་ཁྱེརMcDonald'sབར་སྐོར་ཚོང་གྲོང་གི་ཟ་ཁང་ནི་མིག་སྔར་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱིMcDonald'sཟ་ཁང་ཞིག་ཡིན་ལ།  འཛམ་གླིང་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱིMcDonald's་ཟ་ཁང་ཞིག་ཀྱང་རེད།  འབྱུང་འགྱུར་ལོ་ལྔའི་ནང་སྔོན་དཔག་བྱས་ན་བོད་ལྗོངས་སུMcDonald'sཟ་ཁང10ལྷག་ཙམ་འཛུགས་རྒྱུ་དང2023ལོར་སླེབས་སྐབསMcDonald'sཀྱིས་དབུས་ནུབ་རྒྱུད་ཀྱི་ཟ་ཁང1000ལས་བརྒལ་རྒྱུ་རེད།  
        བོད་རང་སྐྱོང་ལྗོངས་ཀྱིMcDonald'sཟ་ཁང་ཐོག་མ་དེས་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་པའི་ཞོག་ཁོག་དང་མའེ་ཀའོ་ཕུའུ་སོགས་ཐོན་རྫས་རྩེ་གྲའི་རིགས་དང་དེ་བཞིན་བྱ་ཤ་ཁ་ཚ་དང་བྱ་ཤ་བསྲེག་མ་སོགསMcDonald'sརང་ཉིད་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་གཙོ་བོ་མཁོ་འདོན་བྱས་ནས་བོད་ལྗོངས་ཀྱི་འཛད་སྤྱོད་པར་བྲོ་བ་ཞིམ་པའི་ཟས་རིགས་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།  
        ཟ་ཁང་གིས་སྟབས་བདེའི་བཟོ་ལས་རྣམ་པའི་ཇུས་འགོད་དང་བབ་བརླིང་དཀྱེལ་ཡངས་ཀྱི་ཁ་དོག་གིས་དེང་རབས་དར་སྲོལ་ཅན་གྱི་ཁ་ལག་ཟ་བའི་ཁོར་ཡུག་བཏོད་ཡོད་ཅིང་།  ཟ་ཁང་གིས་ད་དུང་ཕྱོགས་ཡོངས་ནས“འབྱུང་འགྱུར་ཟ་ཁང”གི་མྱོང་རོལ་ནང་འདྲེན་བྱས་ཏེ་གཞི་གྲངས་ཅན་གྱི་སྒྲིག་ཆས་དང་རང་གཤིས་ཅན་གྱི་ཐོན་རྫས། མི་གཤིས་ཅན་གྱི་ཞབས་ཞུ་བཅས་མཁོ་འདོན་བྱས་ཏེ། སྐུ་མགྲོན་ཚོས་ཟ་ཁང་དུ་རང་འདེམས་ཁ་ལག་དང་སྒུལ་བདེའི་གཏོང་སྤྲོད།  ཚོགས་མིའི་ཕན་བདེ། ཁ་ལག་སྒྲོག་ཙེ་སྟེང་བསྐྱལ་པ།  གློག་རྡུལ་མཉམ་འགུལ་རོལ་རྩེད་སོགས་ལས་བྱུང་བའི་སྟབས་བདེ་དང་སྤྲོ་སྣང་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།  

ཟ་ཁང་ནང་གི་བཀོད་པ། 
 
མའེ་ལེ་ཟས་ལེན་སྒྲོམ་ཆུང་།  
        བོད་ལྗོངས་ཀྱིMcDonald'sཀྱི་འབྲེལ་ཡོད་འགན་འཁུར་བས།  “ཉེ་བའི་ལོ་ཤས་རིང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཏེ།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁ་ལག་ཟ་བའི་མྱོང་རོལ་གྱི་དགོས་མཁོ་གསར་པ་ཐོན་ཡོད།  བོད་ལྗོངས་ཀྱིMcDonald'sཀྱི་ཟ་ཁང་ཐོག་མ་དེས་སྐུ་མགྲོན་ཚོར་ཐུན་མོང་མ་ཡིན་པའི་ཁ་ལག་ཟ་བའི་ཉམས་ལེན་ཡག་པོ་བྱུང་ཡོད་ཅིང་།  ང་ཚོས‘དགའ་ཞེན་གྱི་དབང་གིས་དགེ་བའི་ལས་ལ་གཞོལ་བའི’བསམ་ཕྱོགས་བཅངས་ནས་བོད་ལྗོངས་ཀྱི་སྐུ་མགྲོན་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུས་ཏེ།  ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཧུར་ཐག་འབུལ་རྒྱུ་ཡིན།  McDonald'sཀྲུང་གོས་བོད་ལྗོངས་ཀྱི་འབྱུང་འགྱུར་ཁྱད་ཆོས་ལྡན་པའི་ཟ་ཁང་ཐོག་མ་དེ་འགོ་འཛུགས་སར་བྱས་ནས་བོད་ལྗོངས་ཀྱི་ཁྲོམ་ར་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད”ཅེས་ཟེར། 
        ཤེས་རྟོགས་བྱུང་བར་གཞིགས་ན། ཟ་ཁང་དེའི་ལས་མི70%ལྷག་ཙམ་ནི95ལོའི་རྗེས་ཡིན་ལ།  བོད་ལྗོངས་ཀྱི་ཟ་ཁང་མང་པོ་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་བ་དང་ཆབས་ཅིགMcDonald'sཀྱིས་བོད་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་སྣ་མང་ཅན་གྱི་ལས་ཞུགས་དང་གསོ་སྦྱོང་གི་གོ་སྐབས་མཁོ་འདོན་བྱ་རྒྱུ་རེད།  
        “McDonald'sབོད་ལྗོངས་སུ་བཙུགས་ཏེ་བོད་ལྗོངས་ཀྱི་འཛད་སྤྱོད་པར་གདམ་ག་དེ་བས་མང་བ་མཁོ་འདོན་བྱེད་པ་དང་ས་གནས་དེ་གའི་བཟའ་བཏུང་ལས་རིགས་དང་མཉམ་དུ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་རྒྱལ་སྤྱི་རྒྱལ་ནང་གི་བཟའ་བཏུང་སྤུས་རྟགས་གྲགས་ཅན་དེ་བས་མང་པོ་བོད་ལྗོངས་སུ་ཡོང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དེ་སྐད་བཀོད་ཡོད་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།