ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན10ཡི་ནང་དུ་བོད་རིགས་ཤིག་ཚུད་འདུག

སྤེལ་དུས 2021-09-09 ཡོང་ཁུངས། འབྲུག་རྒྱལ་མཁར་གྱིས་བསྒྱུར། རྩོམ་པ་པོ།
ཚེས8ཉིན།
2021ལོའི་རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་གི་དཔེ་བཟང་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།
དགེ་རྒན10“རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་གི་དཔེ་བཟང་མི་སྣ”ལ་བདམས་པ་རེད།
ཁོང་ཚོའི་ཁྲོད་ནས་ལ་ལས་གྲོང་གསེབ་ཀྱི་སློབ་གསོར་ཞུགས་ནས་ལོ་ངོ24ཕྱིན་པ་དང་།
དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་སློབ་ཁྲིད་མི་སྐྱོང་གི་ལས་དོན་རྒྱུན་འཁྱོངས་བྱས་ཡོད།
ཡང་ལ་ལས་མཚོ་གླིང་གི་སློབ་གསོའི་ལས་ཀ་གཉེར་ནས་ལོ་ངོ27ཕྱིན་པ་དང་།
རིགས80ལྷག་ཙམ་གྱི་ལུས་རྩལ་ཡོ་བྱད4200ལྷག་ཙམ་བཟོས་ནས།
སློབ་མ་རྣམས་ལུས་རྩལ་སློབ་ཚན་ལ་སྤྲོ་བར་བྱས།
ཡང་ལ་ལས་རང་ཁྱིམ་དང་ལེ་དབར་ཁྲི་ཡིས་ཆོད་པའི་ཤིན་ཅང་གི་ཐང་རྒོད་དུ་རྐང་ཚུགས་ནས་ལོ་ངོ15ཕྱིན་ཡོད།

“རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་གི་དཔེ་བཟང་མི་སྣ”10ཡི་ཁྲོད།
མཐོ་རིམ་སློབ་གསོ་དང་། ལས་རིགས་སློབ་གསོ། སློབ་གྲྭ་འབྲིང་ཆུང་། བྱིས་པའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་རིམ་པ་ཁག་དང་རིགས་སོ་སོའི་སློབ་གསོ་སྣ་ཚོགས་ཚུད་ཡོད།
དུས་མཚུངས་སུ་ས་ཁོངས་དང་། མི་རིགས། ཕོ་མོའི་དབྱེ་བ། ལོ་ཚོད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་པས།
སློབ་ཆེན་གྱི་རིག་གཞུང་གི་ཡང་རྩེར་འཛེགས་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ་ཡོད་ལ།
གྲོང་གསེབ་ཏུ་ལེགས་སྐྱེས་འབུལ་མཁན་གྱི་གཞི་རིམ་དགེ་རྒན་ཡང་ཡོད།
དགེ་རྒན་རྣམས་པར་གུས་འདུད་ཞུ།
རྩོམ་སྒྲིག་པ། བདེ་སྒྲོལ།