ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མོ་ཞི་ཁོ་ལྷོ་རྒྱུད་དུ་ས་ཡོམ་རིམ་པ7.1བརྒྱབ་པ།

སྤེལ་དུས 2021-09-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

     ཚེས7ཉིན་མོ་ཞི་ཁོ་རྒྱལ་ཁབ་ས་ཡོམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། མོ་ཞི་ཁོ་ལྷོ་རྒྱུད་ཀྱི་ཀོ་ལེ་ལུའོ་ཁུལ་དུ་ཉིན་དེར་ས་ཡོམ་རིམ་པ7.1བརྒྱབ་ཅིང་། རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་ཡོམ་ཚོར་དྲག་པོ་བྱུང་བ་རེད།
     ས་ཡོམ་དེ་ས་གནས་དེ་གའི་དུས་ཚོད་ཚེས7ཉིན་གྱི་ཆུ་ཚོད20དང་སྐར་མ47(པེ་ཅིང་གི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད9དང་སྐར་མ47)སྟེང་བརྒྱབ་པ་དང་། ས་ཡོམ་གྱི་ལྟེ་བ་དེ་ཀོ་ལེ་ལུའོ་ཁུལ་ཨ་ཁ་ཕུའུ་ཨེར་ཁོ་གྲོང་ཁྱེར་གྱི་ལྷོ་ནུབ་ཀྱི་སྤྱི་ལེ11མཚམས་སུ་གནས་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ10ཙམ་ཟིན་ཞིང་། མོ་ཞི་ཁོ་གྲོང་ཁྱེར་ནས་ས་ཡོམ་གྱི་ཉེན་བརྡ་གྲགས་པ་ན་མང་ཚོགས་ཁག་ཅིག་སྲང་ལམ་དུ་ཁ་གྲམ་ནས་བསྡད་ཡོད།
     མོ་ཞི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁོ་ལའོ་ཏི་ཡ་ཞིན་པའོ་མུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་དེ། མིག་སྔར་རྒྱལ་སར་གནས་སྐབས་སུ་རྒྱུ་ནོར་གྱི་གྱོང་གུན་དང་མི་སྣ་ཤི་རྨས་ཀྱི་སྙན་ཞུ་གཅིག་ཀྱང་མེད་ཅེས་བཤད།
     མོ་ཞི་ཁོ་ནང་སྲིད་པུའུ་ཁོངས་གཏོགས་ཀྱི་དམངས་འགོག་སྡེ་ཚན་གྱིས་ས་ཡོམ་དང་འབྲེལ་བ་ཡོད་པའི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།