གནའ་ཤུལ་ལ་རྡོག་རྫིས་བཏང་བས་སྲིད་འཛིན་བཀག་ཉར་བྱས་འདུག
སྤེལ་དུས 2021-09-14
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཉེ་ཆར་པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་སྐུ་ཞབས་ཁྲེན་ལགས་ཀྱིས་བརྙན་ལམ་ཐོག་ནས་ཡོན་མིང་ཡོན་གནའ་ཤུལ་སྤྱི་གླིང་དུ་ཡུལ་སྐོར་བ་དར་མ་ཞིག་“ནང་དུ་འཛུལ་མི་ཆོག”ཅེས་བྲིས་ཡོད་པའི་ས་ཁོངས་སུ་ཕྱིན་པ་མ་ཟད། ལས་དོན་མི་སྣའི་གསལ་འདེབས་སྣང་མེད་དུ་བཞག་པའི་གནས་ཚུལ་ཞིག་སྤེལ་ཡོད།
སྐུ་ཞབས་ཁྲེན་ལགས་ཀྱིས་སྐབས་དེར་སྐྱེས་པ་དེས་ལག་ཐོག་ཁ་པར་བཟུང་སྟེ་གནའ་ཤུལ་ཐོག་ལངས་ནས་པར་ལེན་བཞིན་ཡོད་ཟེར། ལས་དོན་མི་སྣས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་དེར་ཁ་ཏ་སློབ་གསོ་བཏང་བ་དང་། “ལས་དོན་མི་སྣས་ཁོ་མར་འབོད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས‘ཏོག་ཙམ་སྒུག’ཅེས་བརྗོད་པ་མ་ཟད་གནའ་ཤུལ་ཐོག་ནས་མུ་མཐུད་དུ་པར་རྒྱག་གིན་འདུག”ཅེས་བཤད། མཐར་སྐྱེས་པ་དེ་བག་ལྷོད་ལྷོད་ངང་མུ་མཐུད་ནས་ཡུལ་ལྗོངས་གཞན་པར་བལྟ་རུ་ཕྱིན་པ་རེད།
ཉེན་རྟོག་པས་བརྡ་ཁྱབ་བཏང་བ་ལྟར་ན་སྲིད་འཛིན་བཀག་ཉར་བྱས་ཟིན།
གནས་ཚུལ་དེར་དམིགས་ནས་ཚེས11ཉིན་གྱི་དགོང་མོར། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་སྤྱི་བདེ་ཡན་ལག་ཅུས་ཀྱིས་བརྡ་ཁྱབ་བཏང་དོན། ཞིབ་བཤེར་བྱས་པ་བརྒྱུད་ཟླ9པའི་ཚེས8ཉིན་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལི་ག་གེ་མོ(ཕོ། ལོ39)ཡིས་ཡོན་མིང་ཡོན་གནའ་ཤུལ་སྤྱི་གླིང་ནང་ནས་སྒྲིག་ལམ་ལ་འགལ་བཞིན་ཡོན་ཡིང་ཀོན་གནའ་ཤུལ་ཐོག་བསྐྱོད་དེ་རྡོག་རྫིས་བཏང་སྟེ་པར་བརྒྱབ་པ་རེད། མིག་སྔར་ལི་ག་གེ་མོ་ཧའེ་ཏེན་ཉེན་རྟོག་པས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་འདུག
རྩོམ་སྒྲིག་པ། སྣང་རྡོར།