“མགོ་སྐོར་གཏོང་མཁན་དེས་ངའི་གཉེན་ཉེར་བརྫུས་ཏེ།
དངུལ་བསྐུར་བའི་ཟིན་ཐོ་ཡང་མཁོ་སྤྲོད་བྱས་པས།
དེ་མ་ཐག་ང་ལ་སྒོར་ཁྲི196གི་ཁ་བསླུས་ཐེབས་སོང་།
རང་ཉིད་ལ་མགོ་སྐོར་ཐེབས་པའི་བརྒྱུད་རིམ་སྐོར་གླེང་སྐབས།
ཅང་སུའུ་སུའུ་ཆན་གྲོང་ཁྱེར་གྱི་བུད་མེད་ཝུའུ་ཆེ་གེ་མོ་འགྱོད་སེམས་ཆེན་པོས་ཁེངས་འདུག
དངུལ་བསྐུར་བའི་ཟིན་ཐོའི་བཅད་རིས་གཉིས་ལས།
བུད་མེད་དེར་སྒོར་ཁྲི196ཡི་མགོ་སྐོར་ཐེབས་པ་རེད།
བུད་མེད་ཝུའུ་ཆེ་གེ་མོ་ནི་སུའུ་ཆན་གྲོང་ཁྱེར་གྱི་ཀུང་སི་ག་གེ་མོའི་ནོར་དོན་འགན་འཁུར་བ་ཡིན་ཞིང་། ཟླ9པའི་ཚེས7ཉིན། ཁོ་མོའི་སྐད་འཕྲིན་སྟེང་ལ་གྲོགས་པོ་བཟང་པོ་ཞིག་གི་རེ་ཞུ་འབྱོར་བ་དང་། ཕ་རོལ་པོས་ཁོ་ནི་ཁོ་མོའི་གཉེན་ཉེ་ཀྲང་ཆེ་གེ་མོ་ཡིན་པར་བརྗོད་པས། བུད་མེད་ཝུའུ་ཆེ་གེ་མོས་སྐད་འཕྲིན་དྲ་གྲོགས་གི་རེ་ཞུར་མོས་མཐུན་བྱས།
མཚམས་འདྲིའི་སྐད་ཆ་འགའ་བཤད་རྗེས། “ཀྲང་ཆེ་གེ་མོ”ཡིས་ཁོའི་གཉེན་ཉེ་ཡིས་འོས་རྩོད་བྱེད་དགོས་མོད། འོན་ཀྱང་ཕ་རོལ་པོས་དངུལ་བསྐུར་མི་བདེ་བ་རྒྱུ་མཚན་དུ་བྱས་ཏེ། བུད་མེད་ཝུའུ་ཆེ་གེ་མོར་དེའི་ཚབ་ལ་དངུལ་བསྐུར་རོགས་ཞེས་རེ་བ་བཏོན། བུད་མེད་ཝུའུ་ཆེ་གེ་མོའི་དོགས་པ་སེལ་ཆེད། ཁོང་གིས་བུད་མེད་ཝུའུ་ཆེ་གེ་མོའི་རྩིས་ཐོའི་ནང་དངུལ་བསྐུར་བའི་བཅད་རིས་གཉིས་བསྐུར་བ་རེད། དེ་ལས་གཅིག་ནི་སྒོར་ཁྲི98བསྐུར་བའི་བཅད་རིས་ཡིན་པ་དང་། གཅིག་ཤོས་ནི་སྒོར་ཁྲི180རེད།
“ངའི་གཉེན་ཉེ་འདི་དངོས་གནས་ཀུང་སི་ཆེན་པོ་ཞིག་གི་ནང་དུ་ལས་ཀ་བྱེད་བཞིན་ཡོད་ལ། ད་དུང་‘དངུལ་བསྐུར་བའི’བཅད་རིས་ཀྱང་ཡོད་པས། ངས་ཡིད་ཆེས་བྱས་པ་ཡིན”ཞེས་བུད་མེད་ཝུའུ་ཆེ་གེ་མོས་དེ་ལྟར་འགྱོད་སེམས་དང་བཅས་བཤད། ཁོ་མོས་ཕ་རོལ་པོའི་བླང་བྱ་ལྟར་ཐེངས་གསུམ་ལ་བགོས་ནས་རང་ཉིད་ཀྱི་རྩིས་ཐོའི་ཐོག་གི་སྒོར་ཁྲི196ཕ་རོལ་པོས་འདོན་སྤྲོད་བྱས་པའི་རྩིས་ཐོའི་སྟེང་བསྐུར་བ་རེད།
དངུལ་བསྐུར་རྗེས། བུད་མེད་ཝུའུ་ཆེ་གེ་མོས་འགྲིག་མེད་པ་ཚོར་བ་དང་། དེ་ནས་ཀྲང་ཆེ་གེ་མོར་ཁ་པར་བཏང་ནས་བདེན་མིན་ཞིབ་དཔྱད་བྱས་པ་ན། ཀྲང་ཆེ་གེ་མོས་བུད་མེད་ཝུའུ་ཆེ་གེ་མོ་ལ་དངུལ་བསྐུར་དུ་བཅུག་མེད་པར་བཤད། བུད་མེད་ཝུའུ་ཆེ་གེ་མོས་ད་གཟོད་རང་ཉིད་ལ་མགོ་སྐོར་ཐེབས་པ་ཚོར་བ་དང་། དེ་མ་ཐག་ཉེན་རྟོག་པར་ཡར་ཞུ་བྱས་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱེད་དོན། “གཉེན་ཉེ”རུ་བརྫུས་ཏེ་མགོ་བསྐོར་ནས་དངུལ་བསྐུར་དུ་འཇུག་པར་ངེས་པར་དུ་གཟབ་གཟབ་བྱེད་དགོས།
མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་གྱོད་གཞི་དེར་བརྟག་དཔྱད་བྱེད་བཞིན་ཡོད་ལ། དེ་དང་ཆབས་ཅིག་གནས་ཚུལ་དེ་རིགས་ཐོན་རྒྱུར་སྔོན་འགོག་བྱ་ཆེད། སུའུ་ཆན་གྲོང་ཁྱེར་མགོ་བསྐོར་འགོག་རྒོལ་ལྟེ་གནས་ཀྱིས་ཛ་དྲག་གི་ཉེན་ཟོན་སྔོན་བརྡ་བཏང་སྟེ། ཚང་མས་མི་གཞན་རང་གི་“གཉེན་ཉེ”རུ་བརྫུས་ནས་མགོ་བསྐོར་གཏོང་བར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།