ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་གྲུ་ཨང་བཅུ་གསུམ་པ་ཉེ་ལམ་འཕེན་གཏོང་བྱ་རྒྱུ་རེད།

སྤེལ་དུས 2021-10-08 ཡོང་ཁུངས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད། རྩོམ་པ་པོ།

       པེ་ཅིང་གི་དུས་ཚོད2021ལོའི་ཟླ10པའི་ཚེས7ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་དང་རྒྱང་སྐྱོད་ཨང་གཉིས་པFརྟགས་ཅན་གྱི་རྒྱང་རིང་ཨང་བཅུ་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་མཉམ་སྒྲིག་གཟུགས་དེ་འཕེན་གཏོང་ཁུལ་དུ་སླེབས་ཤིང་། མིག་སྔར་འཕེན་གཏོང་བྱ་ཡུལ་གྱི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་གནས་ཚུལ་ལེགས་པོ་ཡོད། འདིའི་རྗེས་སུ་འཆར་གཞི་ལྟར་འཕེན་གཏོང་མ་བྱས་གོང་གི་བྱེད་ནུས་ཁག་ལ་ཞིབ་བཤེར་དང་མཉམ་འབྲེལ་ཚད་ལེན་ཚོད་ལྟ་སོགས་ཀྱི་ལས་དོན་རྣམས་སྤེལ་རྒྱུ་རེད།

ཤུགས་རྒྱོབ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད།
རྩོམ་སྒྲིག་པ། བདེ་སྒྲོལ།