ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“འཁྱམ་ཉུལ་དཀར་མཛེས”ཞེས་པའི་བརྙན་ཐུང་གིས་དཀར་མཛེས་རྫོང་གི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཆོད་པར་གྱུར།

སྤེལ་དུས 2021-10-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

པར་འདི་ནི་དཀར་མཛེས་རྫོང་གི་རྣམ་པ་རེད།

པར་འདི་ནི་དཀར་མཛེས་རྫོང་ཁོངས་སུ་གནས་པའི་གེ་སར་རྒྱལ་པོའི་གནའ་གྲོང་རེད།

པར་འདི་ནི་ཞབས་བྲོ་འཁྲབ་བཞིན་པའི་འཁྲབ་སྟོན་པ་རེད།

པར་འདི་ནི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་ཁྲིན་ཝང་པིང(གཡོན་གྱི་དང་པོ)གིས་བརྙན་དང་ལེན་བྱེད་བཞིན་པའི་ཚུལ་རེད།
          ད་ལྟ་མི་རྣམས་ཀྱི་ཡུལ་སྐོར་གོམས་གཤིས་དེ་བརྙན་ཐུང་གི་རྐྱེན་གྱིས་རིམ་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། ཡུལ་སྐོར་དུ་མ་སོང་སྔོན་ལ་བརྙན་ཐུང་བརྒྱུད་དེ་འཆར་གཞི་འགོད་པ་དང་། ཡུལ་སྐོར་བྱས་རྗེས་བརྙན་ཐུང་བཟོས་ཏེ་ཉམས་མྱོང་བརྗོད་པའི་དུས་ལ་སླེབས་འདུག  “འཁྱམ་ཉུལ་ཡུལ་སྐོར”དེ་མི་མང་པོའི་འཚོ་བའི་ཁྲོད་དུ་ཞུགས་པ་དང་། བརྙན་ཐུང་དང་རིག་གནས་ཡུལ་སྐོར་མཉམ་འགུལ་སྔར་བས་ཇེ་མང་དང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གིས་གནས་བབ་དར་རྒྱུག་ཆེ་བའི་བརྙན་ཐུང་གི་ཐབས་སྤྱད་དེ་དུས་ཡུན་ཟླ་གཉིས་རིང་གི་གཅིག་གྱུར་འཆར་འགོད་དང་ཇུས་འགོད། པར་ལེན་བཟོ་སྐྲུན་བཅས་བརྒྱུད་དེ་དཀར་མཛེས་རྫོང་གི་་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བརྙན་ཐུང་ཐོག་མ་སྟེ“འཁྱམ་ཉུལ་དཀར་མཛེས”ཞེས་པ་དངོས་སུ་དྲ་ཐོག་ནས་བརྒྱུད་གཏོང་བྱེད་མགོ་བརྩམས་པ་རེད།
          “འཁྱམ་ཉུལ་དཀར་མཛེས”ཕྲེང་བསྟར་བརྙན་ཐུང་ནང་དཀར་མཛེས་ཕྱིར་དྲན་དང་གསར་བརྗེ་དཀར་མཛེས། རབ་མཛེས་དཀར་མཛེས། མཚར་སྡུག་དཀར་མཛེས་བཅས་ཀྱི་བརྗོད་དོན་བཞི་ཚུད་ཡོད་ལ། མཐོང་ལམ་མི་འདྲ་བ་དང་འབྲེལ་གཏུག་བྱེད་སྟངས་མི་འདྲ་བའིི་སྒོ་ནས་གཅིག་བསྡུས་ཀྱིས་དཀར་མཛེས་རྫོང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དང་གསར་བརྗེ། དམངས་སྲོལ། གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཀྱི་རིག་གནས་ཐོན་ཁུངས་མངོན་པ་རེད། 
          ཐེངས་འདིར་བཏོན་པའི“འཁྱམ་ཉུལ་དཀར་མཛེས”ཕྲེང་བསྟར་བརྙན་ཐུང་ལ་བསྡོམས་པས་ལེའུ40ལྷག་ཡོད་པ་དེའི་ནང་སྲོལ་རྒྱུན་ལག་རྩལ་དང་། སྲོལ་རྒྱུན་གསོ་རིག གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཞིམ་ཟས། སྲོལ་རྒྱུན་ལག་ཤེས་ལག་རྩལ། སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ། གསར་བརྗེའི་རྗེས་ཤུལ། མཛེས་སྡུག་ཡུལ་ལྗོངས་བཅས་ཚུད་ཡོད་པ་དང་། ཕྱོགས་ཡོངས་ནས་དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་། འཕོ་འགྱུར་བྱུང་བའི་རྣམ་པ་གསར་བ། བདེ་སྐྱིད་ལྡན་པའི་མ་འོངས་འཚོ་བ་བཅས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།