2021ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་མི་འདི3ལ་ཐོབ་ཡོད།
སྤེལ་དུས 2021-10-12
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ནོ་པེར་བྱ་དགའི་གཞུང་ཕྱོགས་དྲ་བའི་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སུའེ་ཏེན་གྱི་སི་ཏེ་ཁོར་མོའི་ས་གནས་དེ་གའི་དུས་ཚོད་ཚེས11ཉིན་གྱི་ཉིན་གུང་ལ། 2021ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཡོངས་བསྒྲགས་བྱས་ཤིང་། བྱ་དགའ་ཕྱེད་ཀ་ནིDvid Cardལ་སྤྲད་པ་དང་། ཕྱེད་ཀ་གཞན་དེJoshua D. Angristདང་Guido W. Imbensགཉིས་ལ་ལྷན་དུ་སྤྲད་པ་རེད།
པར་རིས་ཡོང་ཁུངས། ནོ་པེར་བྱ་དགའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དྲ་ཐོའི་བཅད་པར།
ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ནི་ནོ་པེར་བྱ་དགའ་ལས་ཚུགས་འཕྱི་ཤོས་ཡིན་ཏེ། 1969ལོར་ཐེངས་དང་པོར་བྱ་དགའ་དེ་སྤྲོད་འགོ་ཚུགས་པ་དང2020ལོའི་བར་དུ་ཁྱོན་བསྡོམས་མི86ལ་བྱ་དགའ་དེ་ཐོབ་ཡོད་པ་རེད།
བྱ་དགའ་འདི་ཐོབ་མཁན་གྱི་མི་སྣ་མང་ཆེ་བའི་ལོ་ཚོད་མཐོན་པོ་ཡིན་ཏེ། ཆ་སྙོམས་ལོ67ལ་སླེབས་ཡོད། ཨ་རིའི་དཔལ་འབྱོར་རིག་པ་བ་ཧོ་ཝེ་ཁོ་ཙི་ནི་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ལས་ལོ་ཚོད་ཆེས་མཐོ་ཤོས་དེ་ཡིན་ཞིང་། བྱ་དགའ་ཐོབ་པའི་དུས་སུ་ཁོང་དགུང་ལོ90ལ་སླེབས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།