ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨ་རིའི་དེ་སྔའི་སྡོད་དམངས་རྣམས་ཀྱིས་རྔམ་སྟོན་བྱས་པས་་་

སྤེལ་དུས 2021-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཨ་རིའི་ཙུང་ཐུང་པའེ་ཏེང་གིས་གཟའ་འཁོར་སྔོན་མར་ད་ལོ་ནས་བཟུང་“ཀི་ལུན་པུའི་ཉིན་མོ”དེ་དུས་མཚུངས་སུ་“དེ་སྔའི་གནས་སྡོད་ཡུལ་མིའི་ཉིན་མོ”རུ་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཚེས11ཉིན་ཨ་རིའི་དེ་སྔའི་གནས་སྡོད་ཡུལ་མི་དང་ཁོར་ཡུག་སྲུང་སྐྱོང་མི་སྣ་བཅས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ནས། ཨ་རི་སྲིད་གཞུང་གིས་བྱེད་ཐབས་དེ་ལས་མང་པོ་སྤྱད་དེ་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁོ་ཚོས་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་རྔམ་སྟོན་བྱེད་སྐབས་ཨ་རིའི་ཉེན་རྟོག་ཕྱོགས་ཀྱིས་ཕྱིར་དེད་པ་དང་། ད་དུང་རྔམ་སྟོན་བྱེད་མཁན་འཛིན་བཟུང་བྱས་པ་རེད། 

             ཁྲོམ་སྐོར་རུ་ཁག་གིས་ལམ་གང་བོར་འབོད་ཚིག་བསྒྲགས་ཤིང་། མཐར་ཕོ་བྲང་དཀར་པོའི་ཕྱི་རུ་ཡོང་ནས་རྔམ་སྟོན་ཁྲོམ་སྐོར་བྱས། 
             རྔམ་སྟོན་བྱེད་མཁན་ཨ་ཧྲི་ཏུན་ཏེང་ཁེ་ལི་ཡིས་བརྗོད་དོན། གལ་ཏེ་ང་ཚོས་དེ་སྔའི་གནས་སྡོད་ཡུལ་མིའི་ཉིན་མོ་འཛུགས་ན། ང་ཚོས་ཀྱང་ངེས་པར་དུ་དེ་སྔའི་གནས་སྡོད་ཡུལ་མི་ལ་གུས་བཀུར་ཞུ་དགོས། ང་ཚོ་ནི་ད་གཟོད་ས་གཞི་འདིའི་ཆེས་ཐོག་མའི་སྲུང་སྐྱོང་མཁན་ཡིན་ཞིང་། ང་ཚོས་ཁོ་ཚོརང་ཚོའི་སྐད་གོ་རུ་འཇུག་དགོས་ཞེས་བཤད། 
             རྔམ་སྟོན་ཁྲོམ་སྐོར་མ་བྱས་པའི་སྔོན་ལ། བྱ་འགུལ་རྩ་འཛུགས་མཁན་གྱིས་རྒྱབ་སྐྱོར་མཁན་ལ་འཛིན་བཟུང་ཐེབས་པའི་ཉེན་ཁ་ཡོད་པ་གསལ་འདེབས་བྱས། ཁྲོམ་སྐོར་རུ་ཁག་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་སླེབས་རྗེས་སུ། ཉེན་རྟོག་ཕྱོགས་ཀྱིས་རྔམ་སྟོན་པ་རྣམས་ཕོ་བྲང་དཀར་པོ་དང་བར་ཐག་ཅུང་རིང་བའི་སར་འདུ་འཛོམས་བྱེད་པའི་བླང་བྱ་བཏོན་པར་རྔམ་སྟོན་པས་ཁ་རྡུང་བཏང་བ་རེད། 

       རྔམ་སྟོན་པས། ཁྱོད་ཚོས་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོའི་ནང་དུ་མི་གཞན་པར་གཅིན་སྐྱག་གཏོང་དུ་འཇུག་ཐུབ་མོད། འོན་ཀྱང་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་མཁན་འགའ་ལ་སེམས་ཁྲལ་བྱེད་པ་ཅི་ཡིན་ནམ། ཁྱོད་ཚོའི་ཀླད་པར་སྐྱོན་ཡོད་པ་ཡིན་ནམ། ཁྱོད་ཚོ་འདི་རུ་ལངས་ནས་འདུག་སྲོལ་ཡོད་དམ།  མེ་མདའ་བཟུང་བའི་མི་དཀར་ཚོས་འདི་རུ་འདུ་འཛོམས་བྱེད་ཆོག་མོད། འོན་ཀྱང་ང་ཚོས་རང་གི་རྐང་པ་རང་གི་ས་ཐོག་ཏུ་འཇོག་མི་ཆོག་ཅེས་བཤད། 
             རྔམ་སྟོན་པས། ང་ལ་ཉེས་དོན་ཁྲིམས་འཛིན་གྱི་བསླབ་གནས་ཡོད། ཁྱོད་ལ་ཕྲུ་གུ་ཡོད་དམ། ཁྱོད་ལ་ཕྲུ་གུ་ཡོད་དམ། ཡོད་དམ། ངས་འདི་ཡོད་ཚད་ངའི་ཕྲུ་གུའི་སྟེང་ལ་བྱུང་དུ་འཇུག་མི་འདོད། ངས་ཁྱོད་ཚོར་ངའི་བུ་མོས་ཅི་ཞིག་མཐོང་བ་ཤེས་སུ་འཇུག་འདོད་ཅེས་བཤད། 
རྩོམ་སྒྲིག་པ། བདེ་སྒྲོལ།