ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨ་རི་བས་ཟླ་བའི་གོ་ལའི་སྟེང་ནསWi-Fiབཟོ་བསམ་པ་ཡིན་ནམ།

སྤེལ་དུས 2021-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཨ་རིའི་སྨྱན་སྦྱོར་གྱིསNASAཡིས་ཟླ་བའི་གོ་ལརWi-Fiབཟོས་ནས་ས་ངོས་ཀྱི་དྲ་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད་ཟེར།
          ཨ་རིའི་ཧྥུ་ཁུ་སི་གསར་འགྱུར་གྱིས་ཚེས12ཉིན་སྤེལ་བའི་གནས་ཚུལ་གཞིགས་ན། NASAཡི་ཞིབ་འཇུག་གསར་ཤོས་ལས་ཟླ་བའི་གོ་ལའིWi-Fiདྲ་རྒྱ་ཡིས་ཇི་ལྟར་བྱས་ནས་སའི་གོ་ལའི་སྟེང་དུ་དྲ་རྒྱའི་བརྡ་རྟགས་གཏན་འཇགས་མེད་པའི་སྡེ་ཁུལ་ལ་ཤུགས་རྐྱེན་ཐེབས་མིན་བསྟན་ཡོད་པར་བཤད་ཅིང་།  ཞིབ་འཇུག་དེ་ནིNASAཨེ་ཧེ་ཨེ་ཀྲོའུ་ཁུ་ལེ་ཧྥུ་ལན་གྲོང་ཁྱེར་གྱི་ཀི་ལོན་ཞིབ་འཇུག་ལྟེ་གནས་སུ་སྤེལ་བ་ཞིག་ཡིན་པ་དང་། བར་སྣང་ཚད་ལེན་ཚོད་ལྟའི་དཔེ་གཞི་ཞིག་ཡིན་པའི་ངོས་ནས་ཞིབ་འཇུག་དེས་སའི་གོ་ལའི་སྟེང་གི་དྲ་རྒྱའི་འབྲེལ་མཐུད་གནད་དོན་ཐག་གཅོད་བྱེད་རྩིས་ཡོད།


          ཧྥུ་ཁུ་སི་གསར་འགྱུར་ལྟར་ན། ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཟླ་བའི་གོ་ལའི་སྟེང་ནསWi-Fiདྲ་རྒྱའི་ཚད་ལེན་ཚོད་ལྟ་བྱེད་པའི་འཆར་གཞི་དེ་ཁུ་ལེ་ཧྥུ་ལན་གྱི་གྲངས་གཞིའི་ཧེ་བག་ལས་བརྒལ་རྒྱུ་རེད་འདུག
          དེ་དང་དུས་མཚུངས་སུ་དཔལ་འབྱོར་འཕེལ་རྒྱས་རྩ་འཛུགས་ཏ་ཁེ་ལི་ཧྥུ་ལན་གྱི་རོགས་ཟླས་ཀྱང་NASAདང་འབྲེལ་བ་བྱས་ནས། Wi-Fiདྲ་རྒྱ་དེ་དྲ་ཆེན་དང་སྦྲེལ་མཐུད་མེད་པའི་ཁེ་ལི་ཧྥུ་ལན་གྱི་ཁྱིམ་ཚང31%ལ་ཉེ་བས་བེད་སྤྱོད་བྱེད་ཐུབ་པའི་ཐབས་ཤེས་འཚོལ་བཞིན་ཡོད།
          ཉེ་བའི་ལོ་ཤས་རིང་། ཨ་རིའི་མི་མང་པོ་ཞིག་གིས་ཨ་རིའི་དྲ་རྒྱའི་འཛུགས་སྐྲུན་རྗེས་ལུས་ཡིན་པར་འཁང་ར་བྱེད་པ་དང་། སྨྱན་སྦྱོར་དང་ཆེད་མཁས་པ་ཁ་ཤས་ཀྱིས་ཀྲུང་གོ་དང་བསྡུར་བ་བྱ་རྒྱུར་དགའ་པོ་ཡོད།
          ཧྥུ་ཁུ་སི་གསར་འགྱུར་ལས་ཟླ་བའི་གོ་ལའིWi-Fiདྲ་རྒྱ་མིག་སྔར་སྔར་བཞིན་འཚོལ་ཞིབ་ཀྱི་དུས་མཚམས་ཡིན་ཡང་། དྲན་ཚུལ་འདི་སྤྱད་པ་ནས་སའི་གོ་ལའི་སྟེང་གི་སྡེ་ཁུལ་དྲ་རྒྱའི་འཛུགས་སྐྲུན་ཐད་ལ་བློ་སྒོ་མང་པོ་འབྱེད་ཐུབ་སོང་ཞེས་ཟེར།
          ཟླ་བའི་གོ་ལའི་སྟེང་དུ་དྲ་རྒྱ་བཟོ་བའི་སྐོར་ལ་ན་ནིང་སྨྱན་སྦྱོར་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། འབྱུང་འགྱུར་ཟླ་བའི་གོ་ལའི་རྟེན་གཞི་འཛུགས་རྒྱུ་ཡིན་པ་མ་ཟད་མཇུག་མཐར་མིའི་རིགས་ཟླ་བའི་སྟེང་དུ་འཚོ་བ་སྐྱེལ་རྒྱུའི་དམིགས་ཚད་རྒྱུན་འཁྱོངས་བྱ་ཆེད། NASAཡིས་སྐབས་དེ་དུས་མ་དངུལ་ཨ་སྒོར་དུང་ཕྱུར3ལྷག་ཙམ་བཏང་ནས་ཀུང་སི་བཅུ་ཕྲག་ཁ་ཤས་ཀྱིས་ཟླ་བའི་ཕྱི་ངོས་ནས་འབྲེལ་ཡོད་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ཡོད། འབྲེལ་ཡོད་ལག་རྩལ་གྱི་ཁོངས་སུ་རྒྱང་རིང་གློག་འདོན་དང་། དྲོད་ཚད་དམའ་བའི་འཁྱག་གཏོང་། འཕྲུལ་མིའི་ལག་རྩལ། བདེ་འཇགས་ངང་ས་ཐོག་ཏུ་འབབ་པའི་ལག་རྩལ་ཚུད་ཡོད་ལ་དྲ་རྒྱ་ཡང་ཚུད་ཡོད་པ་སྨོས་མེད་རེད་ཅེས་བཤད།

ཧྥུ་ཁེ་སི་གསར་འགྱུར་ནང་གི་འདྲ་པར།
          ཆེད་མཁས་པ་ལ་ལས་ཀུ་རེ་ཚུལ་གྱིས་ཟླ་བའི་གོ་ལའི་སྟེང་གི་དྲ་རྒྱའི་བརྡ་རྟགས་ནི་སའི་གོ་ལའི་སྟེང་གི་བརྡ་རྟགས་ལས་བཟང་སྲིད། རྒྱུ་མཚན་ནི་ཤིང་སྡོང་དང་འཛུགས་སྐྲུན་དངོས་པོ་ཡང་ན་བརྙན་འཕྲིན་བརྡ་རྟགས་ཀྱི་བར་ཆད་ཅི་ཡང་མེད་པས་ཡིན། ཟླ་བའི་གོ་ལའི་དྲ་རྒྱ་ནི་དམིགས་བསལ་ཅན་གྱི་ཇུས་འགོད་བྱས་པ་བརྒྱུད་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་ཐལ་དྲགས་པའི་དྲོད་ཚད་དང་། འགྱེད་འཕྲོ། སྟོང་སངས་ཁོར་ཡུག་བཅས་ཐེག་ཐུབ་ཟེར།
          ཧྥུ་ཁེ་སི་གསར་འགྱུར་ལས་སྤེལ་བའི་གནས་ཚུལ་གཞིགས་ན། ཉེ་ཆར་ཁེ་ལི་ཧྥུ་ལན་གྲོང་ཁྱེར་གྱིས་མ་དངུལ་ཨ་སྒོར་ཁྲི2000བཏང་ནས་ས་གནས་དེ་གའི་དྲ་ཆེན་འབྲེལ་མཐུད་དང་རྒྱ་སྐྱེད་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཤིང་། ཟླ་བའི་གོ་ལའི་སྟེང་དུ་དྲ་རྒྱ་འཛུགས་པའི་འཆར་གཞི་ཡིས་ས་གནས་དེ་གའི་བློ་སྒོ་ཕྱེ་བ་རེད།
          “གལ་ཏེ་ཁོང་ཚོས་ཟླ་བའི་གོ་ལའི་སྟེང་དུ་དྲ་བ་འཛུགས་ཐུབ་ཚེ། ངས་བལྟས་ན་ང་ཚོས་འདི་གར(དྲ་རྒྱ)གསར་འཛུགས་བྱེད་ཐུབ་ངེས་རེད། ངས་དུས་ནམ་ཡིན་ཡང་བར་སྣང་གི་བྱ་བ་ཅི་ལྟར་བྱས་ནས་ང་ཚོས་འདི་གར་སྒྲུབ་བཞིན་པའི་བྱ་བ་དང་འཚམ་པོ་ཡོང་བར་བསམ་བློ་བཏང་མ་མྱོང་། དེ་ནི་ཐག་གཅོད་ཇུས་གཞི་ཧ་ཅང་ཆེན་པོ་ཞིག་ཡིན་ལ། འདི་ནི་ང་ཚོར་དགོས་པ་ཞིག་ཀྱང་རེད”ཅེས་ཁེ་ལི་ཧྥུ་ལན་གྲོང་ཁྱེར་གནས་སའི་ཁེ་ཧོ་ཅ་རྫོང་གི་དབུ་བཞུགས་གསར་གཏོད་དཔོན་པོ་ཁེ་སི་ལིན་ཐེ་ཁ་ཆི་ཁེ་ཡིས་དེ་ལྟར་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།