ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཁའ་བསྐྱོད་པས་བར་སྣང་ནས་ཟ་བའི་ཆུ་མོག་གི་ནང་སྙིང་ཅི་ཞིག་ཡིན་ནམ།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

མཁའ་སྐྱོད་པ་གསུམ་གྱིས།
དུས་ཡུན་ཟླ6རིང་གི་འཕུར་སྐྱོད་འགོ་བརྩམས་ཡོད།
ལས་འགན་གྱི་བཀོད་སྒྲིག་ལྟར་ན།
ཁོང་ཚོས་ལོ་གསར་ཡང་བར་སྣང་ནས་རོལ་རྒྱུ་རེད།
དྲ་གྲོགས་མི་ཉུང་བ་ཞིག་གིས།
ཁོང་ཚོས་ལོ་གསར་གྱི་སྐབས་སུ་ཆུ་མོག་ཟ་ཐུབ་མིན་ལ་སེམས་ཁུར་བྱེད་བཞིན་ཡོད། 

ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་ཞིབ་སྦྱོང་བརྡར་ལྟེ་གནས་ཀྱི།
འཇིག་རྟེན་འཕུར་སྐྱོད་པའི་འཚོ་བཅུད་དང་ཟས་རིགས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཙང་ཕུང་གིས།
འཇིག་རྟེན་འཕུར་སྐྱོད་པར།
ནང་སྙིང་རིགས་གསུམ་གྱི་ཆུ་མོག་སྟེ།
ཕག་ཤ་དང་པད་ཚལ་གྱི་ནང་སྙིང་དང་ཉ་ཤའི་ནང་སྙིང་།
ད་རུང་ཧོང་ཧྭ་ཚལ་གྱི་ནང་སྙིང་བཅས་གྲ་སྒྲིག་བྱས་ཡོད་ཟེར།
 
ད་དུང་དོགས་པ་གཞན་ཞིག་སྟེ།
བར་སྣང་ནས་ཆུ་མོག་ཇི་ལྟར་བཟོ་དགོས་མིན།
ལོ་གསར་གྱི་སྐབས་སུ་དངོས་སུ་ཁྱབ་བསྒྲགས་བྱེད་སྲིད། 
གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན།
ཐེངས་འདིའི་མཁའ་སྐྱོད་པ་གསུམ་པོས།
ཀུ་ཤུ་གསར་པ་མང་པོ་འཁྱེར་ཡོད་པ་ཕུད།
ད་རུང་བར་སྣང་ནས་ཞོ་བཟོ་ཐུབ་ལ།
དེའི་སྤུས་ཀ་ནི་ཞོ་ཐད་ཀར་ཁྱེར་བ་ལས་ཀྱང་བཟང་།
 
དྲ་གྲོགས་ཀྱི་དཔྱད་གཏམ་ལས།
སའི་གོ་ལའི་སྟེང་གི་ཁ་ཟས་ལས་མི་དམན་ཞེས་བཤད། །

 
 ལམ་ཐག་ཅི་འདྲ་ཞིག་ལ་སོང་རུང་།
ཀྲུང་གོ་བའི་ལོ་གསར་གནམ་གང་གི་ཟ་མའི་ཁྲོད་དུ།
ཚ་རླངས་འཕྱུར་བའི་ཆུ་མོག་གི་སྡེར་མ་དེ་མེད་མི་རུང་བ་ཞིག་ཡིན།
ང་ཚོ་ཚང་མས་བར་སྣང་དུ་རོལ་བའི་ཀྲུང་གོའི་ལོ་གསར་ལ་རེ་སྒུག་བྱ།
རྩོམ་སྒྲིག་པ། སྣང་རྡོར།