ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཝང་ཅུན་ཀྲེང་གིས་བྱ་དགའ་ཐོབ་མཁན་ལུས་རྩལ་པ་སོགས་དང་མཇལ་འཕྲད་གནང་བ།

སྤེལ་དུས 2021-10-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་10ཚེས་26ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ནང་བོད་ལྗོངས་ཀྱི་བྱ་དགའ་ཐོབ་མཁན་གྱི་ལུས་རྩལ་པ་དང་། རྩལ་འཁྲིད་པ། དེ་བཞིན་ལས་དོན་པ་བཅས་ལ་མཇལ་འཕྲད་གནང་བ་རེད།

ཝང་ཅུན་ཀྲེང་གིས་ཁོང་ཚོ་དང་ཕྱག་བཏང་གནང་བ་དང་བྱམས་བརྩེའི་བཀའ་མོལ་གནང་བ།
          མཇལ་འཕྲད་གནང་ཡུལ་དུ་ཝང་ཅུན་ཀྲེང་གིས་ཚང་མར་ཕྱག་བཏང་བ་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་པར་ཡང་བསྐྱོན་པ་རེད། ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ལུས་རྩལ་པ་དང་། རྩལ་འཁྲིད་པ། དེ་བཞིན་ལས་དོན་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས། མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་བོད་ལྗོངས་ཀྱི་ལུས་རྩལ་པར་རྩལ་འགྲན་རིགས་ཀྱི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་2བཅས་ཐོབ་པ་དང་། མང་ཚོགས་རིགས་ཀྱི་འགྲེམས་འཁྲབ་རྣམ་གྲངས་ལ་བྱ་དགའ་རིམ་པ་གསུམ་པ་2ཀྱི་ཕུལ་བྱུང་གྲུབ་འབྲས་ཐོབ་པ། “རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ལུས་རྩལ་ཀུན་སྤྱོད་ཀྱི་དར་སྲོལ་བྱ་དགའ”རག་སྟེ། འགྲན་བསྡུར་གྱི་གྲུབ་འབྲས་དང་ལུས་རྩལ་ཀུན་སྤྱོད་དར་སྲོལ་གཉིས་ཀར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ནས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱིས་བརྩོན་ལེན་བྱེད་པའི་སྙིང་སྟོབས་མངོན་པ་མ་ཟད། བོད་ལྗོངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ཁོང་ཚོ་དང་ལྷན་དུ་དྲན་རྟེན་པར་སྐྱོན་པ།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལུས་རྩལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འབད་འཐབ་ཀྱི་སྤྲོ་སེམས་འཕེལ་ཐུབ་པས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལུས་རྩལ་བྱ་གཞག་དེ་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལས་དོན་ལ་བཞག་ནས་སྐུལ་འདེད་གཏོང་དགོས་པ་དང་། ལུས་རྩལ་དེ་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ལ་གཟི་བརྗིད་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ལ་བརྩིས་ནས་མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས། 
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉམས་མྱོང་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད་ཀྱིས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ལུས་རྩལ་གྱི་སྙིང་སྟོབས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་ཤུགས་ཆེན་གཏོང་བ། རྩལ་འགྲན་ལུས་རྩལ་ལ་བརྟེན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ། ལུས་རྩལ་པའི་འབད་འཐབ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་ཁག་གི་བུ་ཕྲུག་ཚོའི་འབད་འཐབ་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་བཅས་བཏང་སྟེ་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།