ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གློག་བརྙན་འདི་སྤ་སེ་བཙོངས་པའི་ཟིན་ཐོའི་ཡང་རྩེར་སླེབས།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

 ཚེས25ཉིན། གསར་འགོད་པས་རྒྱལ་ཁབ་གློག་བརྙན་ཅུས་ནས་ཤེས་རྟོགས་བྱུང་བར།
ཉིན་དེའི་ཆུ་ཚོད8དང་སྐར་མ16བར།
གློག་བརྙན《ཁྲང་ཅིན་མཚེའུ》ཡི་སྤ་སེ་བཙོངས་པའི་དངུལ་འབོར་སྒོར་དུང་ཕྱུར56.95ཟིན་ཞིང་།
གློག་བརྙན《འཐབ་སྤྱང2》ལས་ཀྱང་བརྒལ་བས།
རང་རྒྱལ་གློག་བརྙན་ལོ་རྒྱུས་སྟེང་གི་སྤ་སེ་བཙོངས་པའི་ཟིན་ཐོའི་ཡང་རྩེར་སླེབས། 

སྡོམ་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན།
《ཁྲང་ཅིན་མཚེའུ》སྟོན་པའི་རིང་ལ།
ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་ཟིན་ཐོ30ལྷག་ཙམ་བཏོད་ཡོད།
ད་སྔ་གློག་བརྙན་འགྲེམས་སྤེལ་བྱེད་མཁན་ཕྱོགས་ཀྱིས་ཀྱང་ཁྱབ་བསྒྲགས་བྱས་དོན།
《ཁྲང་ཅིན་མཚེའུ》ཡི་པར་གཞི་ཁག་གཅིག་གི་གསང་བའི་ལྡེ་མིག་དུས་འགྱངས་བྱས་པ་དང་།
དུས་འགྱངས་བྱས་པའི་ཚད་བཀག་ནི།
2021ལོའི་ཟླ12པའི་ཚེས1ཉིན་ནས2021ལོའི་ཟླ12ཚེས30ཉིན་གྱི་བར་རེད།

རྩོམ་སྒྲིག་པ། སྣང་རྡོར།